ཁུལ་སྡོད་ཁང་སྤྱི་གསོག་མ་
དངུལ་དོ་དམ་ལྟེ་གནས་ཀྱིས
“སྦྱོང་གཉིས་བྱེད་གཅིག”གི་
སློབ་སྦྱོང་དང་སློབ་གསོ་
རྒྱུན་རྣམ་ཅན་དང་ལམ་
ལུགས་ཅན་དུ་འགྱུར་བར་
སྐུལ་འདེད་བཏང་བ།
藏文报
作者:
新闻 时间:2017年06月10日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གྲོས་ཚོགས་ཚོགས་ཏེ། “སྦྱོང་གཉིས་བྱེད་གཅིག”གི་སློབ་སྦྱོང་དང་སློབ་གསོ་བྱ་བ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་པར་སྐུལ་འདེད་བཏང་བ་མ་ཟད། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང་ཁུལ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།
གྲོས་ཚོགས་ཀྱི་སྟེང་དུ། ཁུལ་སྒྲིག་ཨུའི་མངག་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དྲུག་པའི་ཚན་གཙོ་ཡིས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང་འབྲེལ་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བཟང་བོ་སྤེལ་དགོས་པའི་ཐད་ལ་བླང་བྱ་བཏོན།
གྲོས་ཚོགས་ཀྱི་སྟེང་ནས། “སྦྱོང་གཉིས་བྱེད་གཅིག”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱ་དགོས་པ་དང་། “སྦྱོང་གཉིས་བྱེད་གཅིག”གི་སློབ་སྦྱོང་དང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་དམིགས་འབེན་བླང་བྱ་ཁོང་དུ་ཆུད་དགོས་པ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱས་ཏེ་དོན་འཁྱོལ་བྱ་དགོས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི“སྒེའུ་ཁུང་གི་ཞབས་ཞུ་དང་། དམངས་འཚོར་འགན་སྲུང་། མགྱོགས་མྱུར་ནུས་མཐོའི”ལས་འགན་གྱི་ཐོག་ཏུ་རྐང་བ་འཛུགས་དགོས་པ་དང་། “སྦྱོང་གཉིས་བྱེད་གཅིག”གི་སློབ་སྦྱོང་དང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་བླང་བྱ་དང་འབྲེལ་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་ནང་དོན་གཙོ་བོ་གཏིང་ཟབ་པའི་སྒོ་ནས་ངོས་ཟིན་བྱ་དགོས་པ་དང་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་ཁུལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་མ་ལག་ནས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་བྱ་དགོས་ཞེས་པའི་བླང་བྱ་བཏོན།།