本版导航 各版导航 视觉导航 标题导航 以往报纸

图片10

藏文报 新闻    时间:2017年06月10日    来源:藏文报


   ཉེ་ཆར། གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་སྣ་བུག་ཤང་མར་སྒང་སྡེ་བར་ཟབ་ཞུགས་བྱས་ཏེ། རོང་འབྲོག་པ་མང་ཚོགས་ལ་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་དང་མི་འདྲེན་ཚད་ཚད་ལས་བརྒལ་བ། མྱུར་ཚད་ཚད་ལས་བརྒལ་བ། ཞིང་སྤྱོད་འཕྲུལ་འཁོར་གྱིས་ཁྲིམས་འགལ་སྒོས་མི་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་གྱི་གནོད་འཚེ་རང་བཞིན་འགྲེལ་བཤད་བྱས། དུས་མཚུངས་སུ། མངའ་ཁོངས་ཀྱི་དོན་དངོས་དང་འབྲེལ་ནས་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་མངའ་ཁོངས་ནས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཏེ། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་བདེ་འཇགས་བྱ་བར་དོ་སྣང་བྱ་དགོས་པའི་དྲན་སྐུལ་བྱས་ཤིང་། རོང་འབྲོག་པ་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དྲག་ཏུ་བཏང་ནས། འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སྲོལ་ངན་དོར་བ་རེད།།