本版导航 各版导航 视觉导航 标题导航 以往报纸

ལི་ཁེ་ཆང་གིས་གཙོ་འགན་ བཞེས་ཏེ་རྒྱལ་སྲིད་སྤྱི་་་་་

ཁྱབ་ཁང་གི་རྒྱུན་ལས་་་་ གྲོས་ཚོགས་བསྡུས་པ།

藏文报 新闻    时间:2017年06月10日    来源:藏文报

    ཟླ 6པའི་ཚེས 7ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་འགན་བཞེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། འགྲོ་གྲོན་ཇེ་དམར་གཏོང་བའི་བྱེད་ཐབས་གསར་བ་གཏན་འཁེལ་བྱ་རྒྱུ་ཐག་བཅད་དེ། ལོ་ཧྲིལ་བོར་ཁེ་ལས་ཀྱི་ཁུར་བོ་སྒོར་དུང་ཕྱུར་ཁྲི་ཇེ་ཉུང་དུ་གཏོང་རྒྱུའི་ཁས་བླངས་པ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པའི་རེ་བ་བཏོན་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ནས། སྒྲིག་གཞི་དང་ལམ་ལུགས་གསར་གཏོད་དང་དཔལ་འབྱོར་ཚུལ་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་མ་ཟད། དང་བླངས་པའི་ཞབས་ཕྱིའི་སྲོལ་ཡིག(འཆར་ཟིན)ལ་གྲོས་འཆམ་བྱུང་།
    གྲོས་ཚོགས་སྟེང་བསྟན་དོན། ཁྲལ་དངུལ་དང་འགྲོ་གྲོན་མུ་མཐུད་དུ་ཇེ་ཉུང་དུ་བཏང་སྟེ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་སྐྱེད་སྲིང་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཚོགས་ཐོག་ནས་ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ཏེ། ཁྲལ་དངུལ་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པའི་རེ་བ་བཏོན།
    གྲོས་ཚོགས་སྟེང་བསྟན་དོན། གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱ་ཆེད། ན་ནིང་ལོར་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་དེ་འཛུགས་སྐྲུན་བྱས་པའི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་སྐོར་དང་པོས་ལས་ཞུགས་རྒྱ་བསྐྱེད་པ་དང་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་པར་ནུས་ཡོད་སྒོས་སྐུལ་འདེད་བཏང་། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། ཚོགས་ཐོག་ནས་ད་ལོར་ཡང་བསྐྱར་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་ཞིག་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་ཐག་བཅད།
    གྲོས་ཚོགས་སྟེང་དང་བླངས་པའི་ཞབས་ཞུའི་སྲོལ་ཡིག(འཆར་ཟིན)ལ་གྲོས་འཆམ་བྱུང་སྟེ། དང་བླངས་པའི་ཁེ་དབང་དང་འོས་འགན། ཆེད་ལས་དང་བླངས་པའི་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ་བཅས་གཏན་ལ་ཕབ།
    གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།།     (ཞིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན།)