ཐེན་ཅིན་གྲོང་ཁྱེར་གོང་འཕེལ་དང་བཅོས་སྒྱུར་ཨུའི་ཏུའུ་ཝེ་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་བྱས་པ།
藏文报
作者:
新闻 时间:2017年09月23日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9པའི་ཚེས 17ཉིན་ནས་ཚེས 19ཉིན་གྱི་བར་དུ། ཐེན་ཅིན་གྲོང་ཁྱེར་གྱི་གོང་འཕེལ་དང་བཅོས་སྒྱུར་ཨུའི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཏུའུ་ཝེ་འཁོར་དང་བཅས་པ་སྔ་གཞུག་ཏུ་གཙོས་གྲོང་ཁྱེར་དང་། བསང་ཆུ་རྫོང་། ཀླུ་ཆུ་རྫོང་། ཐེ་བོ་རྫོང་ལ་སོང་ནས་ས་ཁོངས་མཉམ་ལས་ཟབ་སྤེལ་ལ་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ་མ་ཟད་ཐེན་ཅིན་གྲོང་ཁྱེར་གོང་འཕེལ་དང་བཅོས་སྒྱུར་ཨུ་དང་ཀན་སུའུ་ཞིང་ཆེན་གོང་འཕེལ་དང་བཅོས་སྒྱུར་ཨུ། ཀན་ལྷོ་ཁུལ་སྲིད་གཞུང་གི་རིགས་མཐུན་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་གཙོས་སུ་ཚོགས།
ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
ཞིང་ཆེན་གོང་འཕེལ་དང་བཅོས་སྒྱུར་ཨུའི་ཏང་ཙུའུ་ཡི་ཁོངས་མིའམ་རྒུད་གསབ་ལས་སྤྲོད་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཅ་ཡུང་ཨན་དང། ཁུལ་དཔོན་གྱི་ལས་རོགས་པའམ་ཐེན་ཅིན་གྱིས་ཀན་ལྷོར་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཡོན་ཞིན་ཧོ་གྲོས་ཚོགས་སུ་ཞུགས།
ཚོགས་ཐོག་ཏུ། ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུའི་འགན་ཁུར་བས་རང་ཁུལ་གྱི་སྤྱི་ཁོག་གནས་ཚུལ་ངོ་སྤྲོད་བྱས་ཤིང། ཐེན་ཅིན་གྲོང་ཁྱེར་གྱི་གོང་འཕེལ་དང་བཅོས་སྒྱུར་ཨུའི་འབྲེལ་ཡོད་མི་སྣས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་པ་མ་ཟད། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས་གཞི་སྒྲོམ་གྱི་གྲོས་མཐུན་ཡི་གེབཞག།
ཏུའུ་ཝེ་ཡིས་ཐེངས་འདིའི་རྟོག་ཞིབ་ལས་ཅུང་བཟང་བའི་སྒོ་ནས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། ང་ཚོའི་བར་དུ་ཕྱོགས་གསུམ་གྱི་མཉམ་ལས་ལ་འགོ་ཡག་པོ་ཞིག་བརྩམས་པ་མ་ཟད། མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བར་རྨང་གཞི་བཟང་པོ་ཞིག་བསྐྲུན། ཐེན་ཅིན་དང་ཀན་ལྷོ་གཉིས་ཀྱི་བར་དུ་གསབ་རེས་རང་བཞིན་ལྡན་པ་དང་། ཐོན་ལས་ཀྱི་རྨང་གཞི་དང་ལོ་རྒྱུས་རིག་གནས་ཀྱི་ཐད་དང་། ད་དུང་ས་གནས་གཉིས་ཀྱི་མི་དམངས་བར་གྱི་བརྩེ་སེམས་ཐད་ཅུང་བཟང་བའི་མཉམ་ལས་ཀྱི་ལོ་རྒྱུས་དང་རྨང་གཞི་ཡོད་ཅེས་བཤད།
ཅ་ཡོན་ཨན་གྱིས་ཐེན་ཅིན་གྲོང་ཁྱེར་གྱིས་ཀན་ལྷོ་ཁུལ་ལ་རིགས་མཐུན་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཀན་ལྷོ་ཁུལ་གྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། རིགས་མཐུན་རོགས་སྐྱོར་བྱས་པ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གཙིགས་སུ་བཟུང་སྟེ། ཚད་མཐོ་བའི་ཆབ་སྲིད་ཀྱི་ཁུར་སེམས་དང་འགན་འཁྲིའི་འདུ་ཤེས་ཀྱི་རིགས་མཐུན་རོགས་སྐྱོར་བྱ་བ་ཟབ་མོ་སྤེལ་ནས་ཀན་ལྷོ་ལ་རྒྱབ་སྐྱོར་ཆེན་པོ་བྱས། ཐེན་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་ལས་གཞི་དང་མ་རྩ། ཤེས་ལྡན་མི་སྣ་སོགས་ཀྱི་ཕྱོགས་ནས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ་ཐེན་ཅིན་གྱིས་ཁྱད་ཆོས་ལྡན་པའི་བོད་སྐྱོར་བྱ་བའི་རྣམ་པ་ཞིག་ཆགས་པ་དང་། “ཐེན་ཅིན་གྱིས་བོད་སྐྱོར”བྱེད་པའི་མིང་རྟགས་དང་སྣང་བརྙན་ཞིག་བསྐྲུན།
ཞིང་ཆེན་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགོ་ཁྲིད་ཚན་ཁག དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་སོགས་གྲོས་ཚོགས་སུ་ཞུགས།།