本版导航 各版导航 视觉导航 标题导航 以往报纸

ཁུལ་ཡོངས་ཀྱི་བཟོ་ལས་འགྲིབ་ འགོག་བརྟན་འཕར་སྐུལ་འདེད་ གཏོང་བ་དང་དངུལ་ཁང་དང་ ཁེ་ལས་བར་འབྲེལ་མཐུད་ཀྱི་ བཞུགས་མོལ་ཚོགས་འདུ་ཚོགས་པ།

藏文报 新闻    时间:2017年09月23日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)   ཟླ 9བའི་ཚེས 18ཉིན་ལ། ཁུལ་ཡོངས་ཀྱི་བཟོ་ལས་འགྲིབ་འགོག་བརྟན་འཕར་སྐུལ་འདེད་གཏོང་བ་དང་དངུལ་ཁང་དང་ཁེ་ལས་བར་འབྲེལ་མཐུད་ཀྱི་བཞུགས་མོལ་ཚོགས་འདུ་གཙོས་སུ་ཚོགས།
    ཁུལ་དཔོན་གཞོན་པ་ཀྲའོ་སི་པེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འགྲིབ་འགོག་བརྟན་འཕར་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། ཟླ 1པ་ནས་ཟླ 7པའི་བར་གྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་དང་ཀན་ལྷོ་ཁུལ་གྱི་ཁེ་ལས་ཆུང་གྲས་ཕན་ཚུན་བར་རོགས་རམ་བྱས་ནས་འགན་ལེན་དངུལ་བུན་གྱི་བྱ་བ་སྤེལ་བའི་གནས་ཚུལ་བརྡ་ཁྱབ་བཏང་། རྫོང་དང་གྲོང་ཁྱེར་ཁ་ཤས་དང་བཟོ་ལས་ཁེ་ལས་ཀྱི་འཐུས་ཚབ་དང་ཀན་སུའུ་དངུལ་ཁང་དུང་ཕྲུག་སྲང་ལམ་ཡན་ལག་དངུལ་ཁང་གི་འགན་ཁུར་བས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།
    ཀྲའོ་སི་པེ་ཡིས་ཟླ 1པ་ནས་ཟླ 7པའི་བར་དུ། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་དུས་མཚུངས་ལས 2.3%མར་ཆག་པ་དང་། བཟོ་ལས་དཔལ་འབྱོར་གྱི་སྤྱིའི་ཐད་ནས“འགོ་མཐོ་སྐྱོད་དམའ”ཡི་འཕེལ་རྒྱས་ཀྱི་གནས་བབ་མངོན། མིག་སྔར་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཐད་འཕྲད་པའི་དཀའ་ཁག་དང་གནད་དོན་ནི་སྔར་བྱུང་མ་མྱོང་ལ་འགྲིབ་འགོག་བརྟན་འཕར་གྱི་ལས་འགན་ཧ་ཅང་ཆེ་བ་ཡིན་ཞེས་བསྟན།
    ཀྲའོ་སི་པེ་ཡིས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་སྟོབས་ཤུགས་ཡོད་ཚད་ཀྱིས་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་མཉམ་ལས་བྱེད་པའི་རྣམ་པ་གསར་བ་བཏོན་ནས། ཧུར་བརྩོན་སྒོས་ལས་སྟེགས་བསྐྲུན་པ་དང་མ་རྩ་སྡུད་གཏོང་བྱེད་པར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པ་དང་། ཡང་དག་པའི་སྲིད་ཇུས་ཀྱི་ཕྱོགས་སྟོན་དམ་འཛིན་བྱེད་པ་དང་ཧུར་བརྩོན་སྒོས་ཁེ་ལས་མགྱོགས་མྱུར་ངང་འཕེལ་བར་རྒྱབ་སྐྱོར་བྱས་ནས། བྱང་ཚད་ཇེ་མཐོར་གཏོང་དགོས་པ་དང་སྣང་བརྙན་ཡག་པོ་བསྐྲུན་ཏེ། དངུལ་རྩར་ཡུན་རིང་རྒྱབ་སྐྱོར་བྱེད་པ་བརྩོན་ལེན་བྱ་དགོས། རྫོང་དང་གྲོང་ཁྱེར་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་ལྷག་པར་འགན་ཁུར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་དངོས་གནས་བྱ་བའི་འགན་འཁྲིའི་འདུ་ཤེས་དང་མཁོ་གནད་ཆེ་བའི་འདུ་ཤེས་ལ་ཤུགས་བསྣན་ནས། ལོ་འགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལ་དམིགས་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་སུ་འགྲུབ་པ་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།།