本版导航 各版导航 视觉导航 标题导航 以往报纸

图片4

藏文报 新闻    时间:2017年09月23日    来源:藏文报


   ཉེ་ཆར། ཐེ་བོ་རྫོང་གི་རྫོང་རིམ་གཞོན་པ་ཡན་ཆད་ཀྱི་འགོ་ཁྲིད་པ་དང་། ཤང་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི། ཤང་ཀྲང་དང་ཀྲིན་ཀྲང་། སྒྲིག་ཁྲིམས་ཨུའི་ཧྲུའུ་ཅི། རྫོང་ཐད་གཏོགས་སྡེ་ཁག་སོ་སོའི་ཁའོ་རིམ་གཞོན་པ་ཡན་ཆད་ཀྱི་ཏང་ཡོན་ལས་བྱེད་པ 300ལྷག་ཐེ་བོ་རྫོང་གི་ཐང་ཆེན་དུ་འདུས་ནས་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་དང་སློབ་གསོའི་ཉེན་སྐུལ་གྱི་དྲིལ་བསྒྲགས་འགྲེམ་བྱང་ལ་ལྟ་སྐོར་བྱས། འགྲེམ་སྟོན་གྱིས“རུལ་སུངས་ལ་འགོག་རྒོལ་དང་། ཉེན་ཟོན་ལ་ཅོང་བརྡ་གཏོང་བ”ཞེས་པ་བརྗོད་བྱར་བཟུང་སྟེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུས་རུལ་སུངས་ལ་ངེས་པར་དུ་ངོ་རྒོལ་དང་རྩད་གཅོད་ནན་མོ་བྱེད་པ་དང་། རུལ་སུངས་ལ་གུ་ཡངས་གཏན་ནས་མི་བྱེད་པའི་རྣམ་པ་གསལ་བོ་བསྟན་ནས། རུལ་སུངས་ཀྱི་ཚབས་ཆེ་བའི་གནོད་སྐྱེལ་རང་བཞིན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན། རྙོག་འཛིང་རང་བཞིན་དང་དཀའ་ངལ་རང་བཞིན་མངོན་པར་བྱས།།