本版导航 各版导航 视觉导航 标题导航 以往报纸

ཐེན་ཅིན་དང་ཀན་ལྷོའི་བར་ལ་རྒྱང་ཁྲིད་སློབ་གསོ་མཉམ་སྤེལ་མངོན་འགྱུར་བྱུང་བ།

藏文报 新闻    时间:2017年09月23日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)  ཐེན་ཅིན་གྱི་དགེ་རྒན་དང་སློབ་མ་རྣམ་པ། ཁྱེད་རྣམ་པ་བདེ་མོ། དེ་རིང་གི་གསར་འགྱུར་རྩོམ་འབྲི་ཤེས་བྱས་ང་ཚོའི་གཙོས་སློབ་འབྲིང་གཉིས་པའི་སློབ་གྲོགས་ཚོར་ཤེས་བྱ་མང་པོ་སློབ་ཏུ་བཅུག་པས་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
    ཟླ 9བའི་ཚེས 14ཉིན་ལ། གཙོས་སློབ་འབྲིང་གཉིས་པའི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་ཁང་དུ་རྣམ་པ་གསར་བའི་སློབ་ཁྲིད་ཅིག་ཚོགས། གཙོས་སློབ་འབྲིང་གཉིས་པའི་དམའ་གཉིས་ཀྱི་སློབ་མ་དང་ཐེན་ཅིན་སློབ་འབྲིང་གསུམ་པའི་དམའ་གཉིས་ཀྱི་སློབ་མ་ལ་དུས་མཉམ་དུ་རྒྱང་ཁྲིད་སློབ་གསོ་མཉམ་སྤེལ་མངོན་འགྱུར་བྱུང་། འདིས་ཐེན་ཅིན་ཧུང་ཆའོ་ས་ཁུལ་དང་ཀན་ལྷོའི་བར་རྒྱང་ཁྲིད་སློབ་གསོ་མཉམ་སྤེལ་སློབ་ཁྲིད་མ་ལག་དངོས་སུ་སྒོ་ཕྱེ་བ་མཚོན། 
    སློབ་ཁྲིད་ཀྱི་སྟེང་དུ། ས་ཁུལ་གཉིས་ཀྱི་དགེ་སློབ་ཀྱིས་ཕན་ཚུན་འདྲི་གཞི་བཏོན་པ་དང་མཉམ་དུ་ཞིབ་འཇུག་གྲོས་བསྡུར་བྱས། ཐེན་ཅིན་སློབ་མས་ཉེ་ཆར་མཇུག་སྒྲིལ་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་དེ་ཀན་ལྷོ་ཡི་སློབ་གྲོགས་ཚོ་དང་ཉམས་རོལ་བྱས་ནས་བསམ་གཞིག་རི་མོར་ཟིན་ཐོ་འགོད་ཐབས་ཀྱི་སྔོན་ཐོན་སློབ་སྦྱོང་བྱ་ཐབས་སོགས་ཁྱབ་བསྒྲགས་བྱས། ཀན་ལྷོ་ཡི་སློབ་མས་ཀྱང་ཐེན་ཅིན་གྱི་སློབ་མར་ཁོ་ཚོའི་སློབ་སྦྱོང་གི་གྲུབ་འབྲས་ངོམ་པར་བྱས། མཇུག་མཐར་ས་ཁུལ་གཉིས་ཀྱི་སློབ་མས་ཐེངས་འདིའི་རྒྱང་ཁྲིད་དྲ་བའི་སློབ་ཁྲིད་ཚོད་ལྟ་འདི་རྒྱུ་ཆ་བྱས་ཏེ་གསར་འགྱུར་གྱི་ལམ་ནས་རྩོམ་ཡིག་ཅིག་བྲིས།
    ཐེན་ཅིན་གྲོང་ཁྱེར་ཧུང་ཆའོ་ས་ཁུལ་དང་རང་ཁུལ་གྱི་ཀླུ་ཆུ་རྫོང་གཉིས་ཀྱི་བར་ལ་ས་ཁུལ་དང་རྫོང་གི་དབུལ་སྐྱོར་གྲོས་མཐུན་ཆིངས་ཡིག་བཞག་ཡོད་ལ། དེའི་ཁྲོད་ཀྱི་སློབ་གསོའི་རོགས་སྐྱོར་ནི་ས་ཁུལ་གཉིས་ཀྱིས་གཏིང་ཟབ་ཏུ་སྤེལ་བ་དགུ་ཡི་འབྲེལ་མཐུད་མཉམ་ལས་ཀྱི་ལས་གཞིའི་ཁྲོད་ཀྱི་གཅིག་ཡིན། དེའི་ཕྱིར་ཧུང་ཆའོ་ས་ཁུལ་སློབ་གསོ་ཅུས་ཀྱིས་དབུལ་སྐྱོར་བྱེད་ན་ཐོག་མར་རིག་པ་ཇེ་གསལ་དུ་གཏོང་བ་དང་། སློབ་གསོ་ཡི་སྣེ་ཁྲིད་འོག་ནས་མདུན་སྐྱོད་བྱེད་པའི་ལོ་གསུམ་གྱི་འཆར་གཞི་གཏན་འབེབས་བྱས། དེར་མ་ཟད་གཙོས་སློབ་འབྲིང་གཉིས་པ་དང་ཀླུ་ཆུ་རྫོང་ཁྲིན་ཀོན་སློབ་ཆུང་ལ་སོ་སོར་རྒྱང་ཁྲིད་དྲ་བའི་མཉམ་སྐྱོད་སློབ་ཁྲིད་བྱ་བའི་ལས་སྟེགས་ཤིག་ལེགས་སྐྱེས་སུ་ཕུལ་བ་དང་མཉམ་དུ་རང་ཁུལ་ལ་ཁུལ་དང་རྫོང་། སློབ་གྲྭ་རིམ་པ་བཅས་དྲ་སྟེགས་300གནང་། ནང་འཇུག་དང་སྙོམ་སྒྲིག་ཚོད་ལྟ། འབྲེལ་མཐུད་བྱས་པ་སོགས་བརྒྱུད་ནས་མིག་སྔར་ཧུང་ཆའོ་ས་ཁུལ་གྱི་རྒྱང་ཁྲིད་མཉམ་སྐྱོད་སློབ་ཁྲིད་མ་ལག་ཡོད་པའི་སློབ་གྲྭ 25ཡིས་འཕྲིན་སྟེགས་བརྒྱུད་ནས་རང་ཁུལ་གྱི་ཀླུ་ཆུ་རྫོང་གི་སློབ་གྲྭའི་བར་ལ་དྲ་བའི་མཉམ་སྤེལ་སློབ་ཁྲིད་མངོན་འགྱུར་བྱ་ཐུབ་ལ། གཟའ་འཁོར་རེ་ལ་ཀན་ལྷོ་རུ་སྤུས་ཚད་མཐོ་བའི་སློབ་ཁྲིད 1ནས 2བརྒྱུད་བསྐུར་བྱེད་སྲིད་པ་དང་། དེར་མ་ཟད་ཕྱོགས་གཉིས་ནས་མཉམ་དུ་སློབ་ཁྲིད་ཞིབ་འཇུག་ཁྱབ་སྤེལ་དང་སློབ་ཁྲིད་བྱ་འགུལ་སྤེལ་ནས་སྔར་ལས་ལྷག་པར་དུ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་ཐུབ་པའོ།།
     (བན་དེ་ཚེ་རིང་གིས་བསྒྱུར།)