本版导航 各版导航 视觉导航 标题导航 以往报纸

ལིན་ཐན་རྫོང་གི་ཞིང་སྡེའི་ཡུལ་སྐོར་གྱིས་ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

藏文报 新闻    时间:2017年09月23日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)  ལིན་ཐན་རྫོང་བསྒྲུབས་རྒྱོ་ཤང་ལ་ཐོན་རྗེས། གསར་འགོད་པས་གནས་འདིར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རྟོགས།
    སྔོན་ཆད་ཀྱི་ས་ཡི་ཁང་བ་དག་སྟར་ཕྲེང་སྒྲིག་པའི་ཐོག་ཁང་གཉིས་བརྩེགས་ཅན་གྱིས་ཚབ་བྱས་ཤིང་གྱང་དཀར་པོ་དང་ཝ་ཁ་ནག་པོའི་གྲུབ་ལ་རི་ལ་བརྟེན་ནས་ཆུ་ཡི་འགྲམ་དུ་ཆགས་ཡོད། མཛེས་སྡུག་ལྡན་པའི་མེ་ཏོག་གི་རྒྱ་མཚོའི་པར་རིས་ཡིས་དར་རྒྱས་ཀྱི་སྣང་ཚུལ་ཞིག་མངོན་པས་ཅང་ནན་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་ཐོན་པ་དང་འདྲ།
    ལོ་འགའི་རིང་ལ། ལིན་ཐན་རྫོང་གིས་རིམ་བཞིན་སྤྲོ་གསེང་ལྟ་སྐོར་གྱི་ཞིང་ལས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་ཐིག་ཅིག་འཚོལ་ཞིབ་བྱས་ནས་ཞིང་ལས་ཀྱི་རང་བྱུང་ཁོར་ཡུག་དང་ཞིང་སྡེའི་མཛེས་ལྗོངས། ཞིང་ལས་ཚོང་གཉེར་བྱ་འགུལ། ཞིང་ལས་རྨོ་འདེབས་རིག་གནས་སོགས་ཀྱི་ཐོན་ཁུངས་བེད་སྤྱད་ནས་གྲོང་ཁྱེར་གྱི་ཡུལ་སྐོར་ལ་ལྟ་སྐོར་དང་མེ་ཏོག་འཐུ་བ།  སྤྲོ་གསེང་དང་ངལ་རྩོལ་སོགས་ཉམས་ལེན་གྱི་བྱ་འགུལ་འདོན་སྤྲོད་བྱས་པ་དང་། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་ལེགས་བཅོས་བྱས་ཏེ། ངལ་རྩོལ་ལས་ཞུགས་རྒྱ་ཆེར་བཏང་སྟེ་ཞིང་བའི་ཡོང་སྒོ་ཇེ་མཐོར་བཏང་། དེ་དང་མཉམ་དུ། འགོ་ནང་ཐང་གི་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པ་དང་སྦྲེལ་ནས་ལིན་ཐན་རྫོང་གིས་ཡཱ་པཱ་གཞུང་ལམ་ལམ་བརྒྱུད་དུ་ལྗོངས་གཟིགས་ཆུ་རགས་བཟོ་སྐྲུན་བྱས་པ་དང་། མེ་ཏོག་དང་རྩི་ཤིང་སྣ་ཚོགས་མུའུ 500ལྷག་འདེབས་འཛུགས་བྱས་ནས“བསྒྲུབས་རྒྱོའི་མེ་ཏོག་ལུང་བ་དེ་ལེ་དབར་བཅུའི་མེ་ཏོག་བར་འཁྱམས”ཀྱི་ཡུལ་སྐོར་མིང་རྟགས་བསྐྲུན།
    ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་སྐབས་སུ། ལིན་ཐན་རྫོང་གིས“ལྗང་མདོག་གི་འཕར་ཚད་གསར་བ་ནས་འགོ་བརྩམས་ཏེ་ཁོར་ཡུག་གསར་སྤེལ་རིམ་སྤར་གྱི་པར་གཞི་བསྐྲུན་པ”ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་རྫོང་ཡོངས་ཀྱི་ནུས་ཤུགས་སྤྱད་དེ“སྐྱེ་ཁམས”དང“འབྱོར་འབྲིང”གི་རྩོམ་ཡིག་གཉིས་ལེགས་པོ་བྲིས། ཤུགས་ཆེན་སྒོས་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་སྒྲིག་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེར“རི་སྔོ་ཆུ་དྭངས་ཀྱི་ཁོར་ཡུག་མཛེས་པ་དང་ཟས་གོས་གཉིས་འཛོམས་ཀྱི་འཚོ་བ་རོལ་བ། གཤིས་བཟང་གཞུང་དྲང་གི་སེམས་ཁམས་ཡག་པ། འཆམ་མཐུན་དང་དཔལ་ཡོན་ལྡན་པའི་ཡུལ་སྲོལ་མཛེས་པ”ཞེས་པའི་བདེ་ཞིང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁྱིམ་གཞིས་ཤིག་བསྐྲུན།།