གཙོས་གྲོང་ཁྱེར་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་
ཡུག་གནད་དོན་དག་ཐེར་བྱེད་པའི་བྱ་བའི་ཚོགས་འདུ་བསྡུས་པ།
藏文报
作者:
新闻 时间:2017年09月23日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། གཙོས་གྲོང་ཁྱེར་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱ་བའི་གྲོས་ཚོགས་བསྡུས་ཏེ། གཙོས་གྲོང་ཁྱེར་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱེད་པའི་བྱ་བ་ཆེད་དམིགས་ཀྱི་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས་ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་ཉེ་ལམ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེག་བྱེད་པའི་བྱ་བའི་མཆན་འགོད་བཀའ་ལན་གྱི་དགོངས་དོན་སོགས་དྲིལ་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱེད་པའི་འཆར་གཞི་དང་དག་ཐེར་རྩིས་ཁྲ (བསམ་འཆར་བསྡུ་ལེན་མ་ཟིན)》གྲོས་མོལ་བྱས།
གྲོས་ཚོགས་ཀྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཉེ་སྔོན་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཆི་ལེན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དེ་དཔེ་མཚོན་གྱོད་དཔེ་རུ་ངོས་བཟུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་བྱ་བའི་ཁྱོན་ཡོངས་ཀྱི་འབུར་ཐོན་གནད་དོན་དུ་བཞག་སྟེ་དམ་འཛིན་ལེགས་འཛིན་བྱ་རྒྱུ་དང་། ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་སུ་བཏང་ནས“འདུ་ཤེས་བཞི”སྲ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བསམ་བློ་གལ་ཆེན་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་འགན་འཁྲིའི་འདུ་ཤེས་ལ་དངོས་གནས་ཤུགས་བསྣན་ནས། ཤུགས་ཆེན་སྒོས་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱེད་པ་གནས་སུ་ཐོན་པ་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།
ཤང་དང་སྲང་ལམ་དོན་གཅོད་ཁང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།།