ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས€སྟོན་བསྡུའི་སློབ་སྐྱོར€ཞེས་པའི་དབུལ་
ཕོངས་སློབ་མའི་སློབ་སྦྱོང་གི་ཕུགས་འདུན་མངོན་འགྱུར་བྱུང་བ།
藏文报
作者:
新闻 时间:2017年09月23日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་སྣེ་ཁྲིད་དེ་དཀའ་ཁག་ཆེ་བའི་ལས་བཟོ་བ་འགའི་ཁྱིམ་དུ་སོང་ཞིང་། “སྟོན་བསྡུའི་སློབ་སྐྱོར”ཞེས་པའི་འཚམས་འདྲིའི་བྱ་འགུལ་སྤེལ།
“བྱིས་པ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་གང་འདྲ་ཡིན་ནམ། ཁྱོད་ཀྱི་ད་ལྟ་ཟླ་རེའི་ཡོང་འབབ་ག་ཚོད་ཡོད་དམ།” དེ་ལྟར་དཀའ་ཁག་ཆེ་བའི་ལས་བཟོ་བ་བཀྲ་ཤིས་རྒྱ་མཚོའི་ཁྱིམ་ནས། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་བྱ་བྱེད་མི་སྣས་ཁོའི་བུ་མོ་གཉིས་ཀྱི་སློབ་སྦྱོང་གི་གནས་ཚུལ་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། བཀྲ་ཤིས་རྒྱ་མཚོ་ལ་དཀའ་ངལ་ཁྱད་བསད་བྱ་དགོས་པ་དང་། བུ་མོ་གཉིས་མི་འཇོན་ཐང་ཅན་དུ་སྐྱེད་སྲིང་བྱ་དགོས་པའི་སྐུལ་མ་བཏང་བ་མ་ཟད། ད་དུང་སློབ་ཆེན་ལ་རྒྱུགས་འཕྲོད་པའི་བུ་མོ་ལ་སྒོར 2000ཀྱི་སློབ་སྐྱོར་རོགས་དངུལ་བྱིན།
ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཤད་པར། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་སློབ་སྐྱོར་གྱི་གནད་ཁེལ་རང་བཞིན་མཐོར་འདེགས་སུ་གཏོང་དགོས་ལ། “སྟོན་བསྡུའི་སློབ་སྐྱོར”གྱི་ཁྱབ་རྒྱ་དང་ཤུགས་རྐྱེན་རྒྱ་ཆེར་སྤེལ་ཏེ། དེ་ལས་མང་བའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མ་སློབ་ཆེན་འགྲིམ་པའི་ཕུགས་འདུན་འགྲུབ་པར་རོགས་སྐྱོར་བྱས་པ་དང་། ཧུར་བརྩོན་སྒོས་སྤྱི་ཚོགས་ཡོངས་སུ་ཕུགས་འདུན་འགྲུབ་པར་སློབ་སྐྱོར་བྱེད་པའི་དྲང་ནུས་བརྒྱུད་སྤེལ་བྱ་དགོས།
དེ་དང་ཆབས་གཅིག་ཏུ། གཙོས་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱི་འགན་ཁུར་བ་གཙོས་གྲོང་ཁུལ་གྱི་ཁང་ཅེན་ཀྲའོ་དང་ཅཱང་ཕེན། ཐེན་ཅཱིན། མཱ་ཕེན་ཕེན། ལའེ་ཡེ། ཝང་པའོ་རུའེ་སོགས་ཁེ་ལས་ཀྱི་དཀའ་ཁག་ཆེ་བའི་ལས་བཟོ་བ་དང་ལས་བྲལ་ལས་བཟོ་བའི་ཁྱིམ་ཚང་དྲུག་ལ་འཚམས་འདྲིར་སོང་། “སྟོན་བསྡུའི་སློབ་སྐྱོར”ཞེས་པའི་བྱ་འགུལ་དེ་ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་སོགས་ཀྱིས་བྱམས་སྐྱོང་གི་དྲོད་ཁོལ་སློབ་ཕྲུག་མང་པོར་བསྐྱལ་ཞིང་། ཁོ་ཚོས་དྲོད་ཁོལ་ཁྱེར་ཏེ་སློབ་གྲྭའི་ཕྱོགས་སུ་བསྐྱོད་པར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི“སྟོན་བསྡུའི་སློབ་སྐྱོར” གྱི་བྱ་འགུལ་དེ་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ཁུལ་ཡོངས་སུ་བསྡོམས་པས་དཀའ་ཁག་ཆེ་བའི་ལས་བཟོ་བ་དང་ཞིང་བ། ལས་བྲལ་ལས་བཟོ་བའི་ཁྱིམ་ཚང་གི་སློབ་མ 236ལ་མི་རེར་སློབ་སྐྱོར་རོགས་དངུལ་སྒོར 2000རེ་བྱིན་ལ་བསྡོམས་པས་སྒོར་ཁྲི 47.2ལ་བསླེབས།། (ལྷ་མོ་བཀྲ་ཤིས་ཀྱིས་བསྒྱུར།)