本版导航 各版导航 视觉导航 标题导航 以往报纸

གཡག་སྙིང་སྲང་ལམ་དོན་གཅོད་ཁང་གིས་རླུང་ཁམས་ཆེན་མོའི་ སྦགས་བཙོག་འགོག་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ།

藏文报 新闻    时间:2017年09月23日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར།  གཡག་སྙིང་སྲང་ལམ་དོན་གཅོད་ཁང་གིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་སྐོར་གྱི་ཇུས་གཞི་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས།  ལེགས་སྒྲིག་དང་དག་ཐེར་མྱུར་ཚད་ལ“སྡེ་ཁུལ་ཉིན་མོའི་སྙན་ཞུ་དང་སྲང་ལམ་གཟའ་འཁོར་གྱི་འཆར་ཅན་ཚོགས་འདུའི”ལམ་ལུགས་ལག་བསྟར་བྱས་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་འགུལ་གཏིང་ཟབ་ཏུ་སྤེལ། 
    གཟའ་འཁོར་རེར་གྲོང་ཁྱེར་སྡོད་ཀྱི་དམངས་ཚ་ཐབ་དང་རྡོ་སོལ་ཐབ་ཀ་ཆུང་བ་བཅོས་སྒྲིག་དང་སྒྱུར་བཀོད་ཀྱི་འཆར་ཅན་ཚོགས་འདུ་ཚོགས་ཏེ། དོན་གཅོད་ཁང་གིས་གནས་པའི་གནད་དོན་ལ་དམིགས་ནས་ཐུན་མོང་སྒོས་གྲོས་བསྡུར་དང་ཐག་གཅོད་བྱས་ནས་ཉིན་རེར་ཇེ་བཟང་ཡོང་བ་དང་གཟའ་འཁོར་རེར་ཕྱོགས་སྡོམ་ཡོད་པ་བྱས་ནས་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བྱས།
    མིག་སྔར། ཁྱིམ་ཚང 483 ལ་ཞུགས་ནས་དྲིལ་བསྒྲགས་བྱས་པ་དང་། བཅོས་སྒྲིག་དང་སྒྱུར་བཀོད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ཁྱིམ་ཚང 309 ཡོད ། ཁྱིམ་ཚང41ལ་གྲོན་ནུས་ཐབ་ཀ 41 བསྐྲུན་པ་དང་། ཁྱིམ་ཚང 147 གྱི་ཚ་ཐབ 322 བསྒྱུར་དགོས་པ་ལས་ལག་བསྟར་བྱས་ཟིན་པའི་ཁྱིམ་ཚང 19 ཡོད། རྡོ་སོལ་ཐབ་ཀ་ཆུང་བ་བཅོས་སྒྲིག་དང་སྒྱུར་བཀོད་ཀྱི་བྱ་བ་གཏིང་ཟབ་ངང་སྤེལ་ནས། བཅོས་སྒྲིག་དང་བསྒྱུར་བཀོད་བྱེད་པའི་ཁྱིམ་ཚང་དག་གིས་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་གི་དྲོད་ལེན་ཐབ་ཆས་དང་སོལ་ལྡན་ཚི་སྣའི་གློག་དྲོད་པང་ལེབ་ལོངས་སུ་སྤྱོད་བཞིན་ཡོད།།
                                           (པདྨ་འཚོས་བསྒྱུར།)