本版导航 各版导航 视觉导航 标题导航 以往报纸

图片10

藏文报 新闻    时间:2017年09月23日    来源:藏文报


   མིག་སྔར་འབྲུག་ཆུ་རྫོང་སློབ་གསོ་ཅུས་ཀྱིས་སྤྱི་སྐད་ཁྱབ་སྤེལ་བྱེད་པའི་གཟའ་འཁོར་སྐབས་སུ། རྫོང་ཡོངས་ཀྱི་རིགས་དང་རིམ་པ་སོ་སོའི་སློབ་གྲྭར་རང་རྒྱལ་གྱི་གསུང་རབ་རྩོམ་རིག་གྱེར་འདོན་བྱེད་པའི་བྱ་འགུལ་བཀོད་སྒྲིག་བྱས། ཐེངས་འདིའི་གསུང་རབ་རྩོམ་རིག་གྱེར་འདོན་གྱི་བྱ་འགུལ་ལ་ཞུགས་མཁན་བྱིས་པ་བསྡོམས་པས 4930དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ 21155 དགེ་རྒན 2312ཞུགས་ཡོད། དུས་མཚུངས་སུ་རྫོང་སློབ་གསོ་མ་ལག་གིས“རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་རྒྱ་ཆེར་སྤེལ་ཞིང་ཚད་ལྡན་གྱིས་བཀོལ་སྤྱོད་བྱེད་པ། རང་རྟོགས་སྒོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལེགས་པོ་བརྒྱུད་སྤེལ”ཞེས་པའི་བརྗོད་བྱ་གཞིར་བཟུང་སྟེ་རྒྱ་ཆེར་ངང་སྐུལ་སྤེལ་བྱས། སློབ་གྲྭ་སོ་སོས་རང་ཉིད་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ་ནང་དོན་ཕུན་སུམ་ཚོགས་ཤིང་རིགས་སྣ་མང་བའི་སྤྱི་སྐད་ཁྱབ་སྤེལ་གྱི་བྱ་འགུལ་སྤེལ།། (དངོས་སྦྱོང་སློབ་མ་ཚེ་རིང་སྐྱིད་ཀྱིས་བསྒྱུར།)