本版导航 各版导航 视觉导航 标题导航 以往报纸

ཅོ་ནེ་རྫོང་གིས“ཀྲུང་གོའི་མི་བཟང་བོ”ལི་ཧུང་གདན་འདྲེན་ ཞུས་ནས་མཛད་རྗེས་སྒྲོག་འགྲེལ་བྱས་པ།

藏文报 新闻    时间:2017年09月23日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཅོ་ནེ་རྫོང་གིས“ཀྲུང་གོའི་མི་བཟང་བོ”སྟེ་ལན་ཀྲོའུ་གྲོང་ཁྱེར་སློབ་འབྲིང 55བའི་དགེ་རྒན་ལི་ཧུང་གདན་འདྲེན་ཞུས་ནས་མཛད་རྗེས་སྒྲོག་འགྲེལ་བྱས།
    ལོ་ངོ་ཉི་ཤུའི་རིང་ལ།  དགེ་རྒན་ལི་ཧུང་གིས་བདག་ལས་གཞན་གཅེས་ཀྱི་སྙིང་སྟོབས་ནམ་ཡང་མི་ཚེའི་འཚོལ་སྙེག་གི་ཆེས་མཐོ་བའི་རིམ་པ་རུ་བཟུང་ཏེ།  བརྩེ་སེམས་དང་དོ་ཁུར། བཟོད་སེམས་སློབ་མར་སྩོལ་ཞིང་སྤྲོ་སེམས་ཁྱིམ་བདག་ལ་ཕུལ་ཡོད་པ་རེད།
    དགེ་རྒན་ལི་ཧུང་གིས་སྒྲོག་འགྲེལ་བྱེད་སྐབས་སུ་བདག་དང་བྱིས་པ་ཚོའི་གཏམ་རྒྱུད་དང་བདག་དང་ཁྱིམ་བདག་བར་གྱི་གཏམ་རྒྱུད།  ད་དུང་བདག་དང་དཔེ་ཁྲིད་དགེ་རྒན་བར་གྱི་གཏམ་རྒྱུད་བཅས་ཕྱོགས་གསུམ་གྱི་ཐད་ནས། དགེ་རྒན་དང་སློབ་མ་རྣམས་ལ་སྒྲོལ་འགྲེལ་བྱས།  མོས་རང་ཉིད་ཀྱི་འདས་ཟིན་པའི་གཏམ་རྒྱུད་ངོ་མའི་ཐོག་ནས་མི་དམངས་དགེ་རྒན་ཞིག་གི་རིག་གནས་དང་བསླབ་བྱ་སྩོལ་བ་མ་ཟད།  ཆེས་བབ་ཆགས་ཀྱི་སྐད་ཆ་ལ་བརྟེན་ནས་དགེ་རྒན་ཞིག་གི་འགན་འཁྲི་དང་ཀུན་སྤྱོད་གླེང་བ་རེད།
    སྒྲོལ་འགྲེལ་ལ་ལིའུ་ལིན་སློབ་འབྲིང་དང་རྫོང་བོད་རིགས་སློབ་འབྲིང་། རྫོང་སློབ་འབྲིང་དང་པོ། ལིའུ་ལིན་སློབ་ཆུང་སོགས་ནས་ཐོན་པའི་དགེ་སློབ 800ལྷག་སྒྲོག་འགྲེལ་ལ་ཞུགས།།                  (དངོས་སྦྱོང་སློབ་མ་བསོད་ནམས་རབ་བརྟན་གྱིས་བསྒྱུར།)