本版导航 各版导航 视觉导航 标题导航 以往报纸

ཞོགས་པ་ཞིག་ གི་དྲན་སྣང་།

ཁྲག་སྙུག [རྨ་ཆུ]

藏文报 新闻    时间:2017年09月23日    来源:藏文报

    སྙིང་ཉེ་བའི་ཞོགས་རླུང་བསིལ་མོས།
ཐད་ཀའི་ལྗོན་པ་དག་ལྕུག་ལྕུག་ཏུ་བསྒུལ།
ང་ཡི་ལྗོན་པ་ཡང་ལྕུག་ལྕུག་ཏུ་བསྒུལ།
ལྗོན་པ་འགུལ་ཚུལ་ནི།
ཆགས་ཉམས་ཀྱིས་གཡོས་པའི་སྒྲེན་མོ་ཞིག་གི་མྱོས་བུམ་དང་འདྲ།

གཤེར་རྡུལ་གྱིས་གྲུབ་པའི་རླངས་པ་སྲབ་མོ།
ལམ་དང་དཀྱོགས་མཚམས་སོ་སོར་བད་བཞིན་ཆགས་ཏེ།
ས་ངོས་སུ་སྣུམ་ཤིག་ཤིག་གི་བརླན་དྲིས་ཁེངས།
ང་ཡང་སྣུམ་ཤིག་ཤིག་གི་བརླན་དྲི་དང་འདྲ།

ཞོགས་པར    ལྗོན་པའི་ཡལ་གའི་སྟེང་།
དྭངས་གཙང་གི་ཟིལ་བ་རེ་རེ་ཆགས་འདུག  
ཟིལ་བའི་ངོས།
ལྗང་མདོག་གི་རྟེའུ་ཁྱུ་གཅིག་ཀྱང་འཁྱུག་ཙམ་བྱེད།
ང་རང་ལྗང་མདོག་གི་རྟེའུ་དང་འདྲ།།