འདི་ ལྟར་ བཤད་ ན།
སེང་གདོང་། [རྨ་ཆུ]
藏文报
作者:
新闻 时间:2017年09月23日 来源:藏文报
ངས་ཁྱོད་ལ་བཤད་སྙིང་སྤྲོ་བ་དག་མི་བཤད་པར་བྱའོ།
དེའི་རྒྱུ་མཚན་ནི།
ཁྱོད་ལ་ཡེ་ཤེས་ཀྱི་སྤྱན་མི་ལྡན་པས།
སྤྱིར་བཏང་གི་ཐ་སྙད་འདི་དག་ནི་ཐེར་ཟུག་ཏུ་སྣང་ཡོང་།
ངས་ཁ་ཐུམ་རྒྱག་དོན་ནི་ཁྱེད་ཀྱི་ཆེད་དུ་ཡིན་པ་འདྲ་མོད།
ཕྱོགས་གཞན་ཞིག་ཏུ་བསམ་ན་རང་གི་དོན་དུའང་ཅི་ལ་མིན།
དེ་ཅིའི་ཕྱིར་ཟེར་ན།
མི་ཁ་དང་བཤད་ཡམས་ཁོ་ནས་ང་ལ་བཙན་གཡེམ་བྱས་པ་ཧ་ཅང་མང་།
ཁྱོད་རང་ལམ་ལ་ཆས་དུས་སུ་ལག་པ་གཡུགས་དགོས་མི་འདུག་སྟེ།
དེ་ནི ཁ་ཡག་དང་ངོ་བསྟོད་ཙམ་དུ་ངོས་བཟུང་བ་མ་ཡིན་ཀྱང་།
ང་ལའང་སེམས་པ་སྙི་མོ་ཞིག་ལས་མི་འདུག་གོ།