ངོ་མཚར་ལྡན་པའི་ཅོ་ནེ་ལེ་ཙུའུ་སྡེ་བས་འཁྲབ་པའི་ཨ་གར།
དངོས་སྦྱོང་སློབ་མ་རྡོ་རྗེ་འཚོས་བསྒྱུར།
藏文报
作者:
新闻 时间:2017年09月23日 来源:藏文报
ཉེ་ལམ། རང་ཁུལ་གྱི་པར་ལེན་མཁན་ཀའོ་ཡུན་གྱི་བརྩམས་ཆོསཅོ་ནེ་རྫོང་ལེ་ཙུའུ་དམངས་སྲོལ་གྱི་གར་བྲོ་ཨ་གརཞེས་པ་དེར HPA (རྒྱལ་སྤྱིའི་དམངས་སྲོལ་པར་ལེན“མིའི་རིགས་ཀྱི་བྱས་རྗེས་བྱ་དགའ”ལོ་རེའི་འགྲན་བསྡུར)2017ལོའི་ཟིན་བྲིས་ཀྱི་བྱ་དགའ་ཐོབ།
HPA ཞེས་པ་ནི་རྒྱལ་སྤྱིའི་དམངས་སྲོལ་པར་ལེན“མིའི་རིགས་ཀྱི་བྱས་རྗེས་བྱ་དགའ”ལོ་རེའི་འགྲན་བསྡུར་ནི 1998ལོ་ནས་བཟུང་། ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་གྱིས་འཛམ་གླིང་ཡོངས་ཀྱི་པར་ལེན་མཁན་རྣམས་ལ་རྒྱ་ཁྱབ་དང་། གཏིང་ཟབ་པའི་སྒོ་ནས་དམངས་སྲོལ་གྱི་དོན་དག་ཟིན་བྲིས་བཏབ་པར་འབོད་སྐུལ་བཏང་བའི་འགྲན་བསྡུར་ཞིག་ཡིན། རྒྱལ་སྤྱིའི་དམངས་སྲོལ་པར་ལེན“མིའི་རིགས་ཀྱི་བྱས་རྗེས་བྱ་དགའ”ལོ་རེའི་འགྲན་བསྡུར་ལ། (དབྱིན་ཡིག་གི་བསྡུས་མིང་ལ HPAཟེར) མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱབ་སྐྱོར་གང་མང་གནང་། ལོ་ངོ 18 ཡི་རིང་ལ། HPAཡིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ 162 ཀྱི་པར་ལེན་མཁན་པར་རིས་ཟིན་བྲིས་བྱ་འགུལ་ཆེ་གྲས་འདི་ལ་ཞུགས་པར་སྐུལ་མ་བཏང་བ་མ་ཟད། རྒྱལ་ཁབ་དང་ས་ཁུལ 178 གཏོགས་པའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཟིན་བྲིས་བཀོད་ཅིང་ཉར་ཚགས་བྱས་པ་དེས། འཛམ་གླིང་ལ་རྒྱུ་མང་ཅན་གྱི་རིག་གནས་ཀྱི་པར་རིས་བང་མཛོད་ཅིག་བསྐྲུན།
ཅོ་ནེ་རྫོང་མཁར་ཆེན་ཤང་ལེ་ཙུའུ་སྡེ་བའི་རྟ་རྒྱུག་མདའ་འཕེན་གྱི་དམངས་སྲོལ་བྱ་འགུལ་འདི་ལོ་སར་གྱི་ཚེས་བདུན་ཉིན་ནས་འགོ་བརྩམས་ཏེ། བསྟུད་མར་ཉིན་གསུམ་ལ་སྤེལ། ལོ་བཞིན་དུ་དེ་ལྟར་སྤེལ་བ་ཡིན། བྱ་འགུལ་སྤེལ་བའི་ཉིན་གྱི་སྔ་དྲོར། སྡེ་བ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་རྒྱན་གོས་བསྣམས་ལ། དུང་དཀར་གྱི་སྐད་སྙན་དང་འགྲོགས་ནས། ལྷ་ཤིང་ཤུག་པའི་དྲི་བསུང་དང་བཀྲ་ཤིས་པའི་ལྷ་སྐུ་ལ་མཆོད་འབུལ་དང་། ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱས་ལ། དེ་དང་བསྟུན་ནས་རྟ་རྒྱུག་མདའ་འཕེན་དང་། ཨ་གར་མཁས་པའི་མེ་ཏོག་ལ་བསྟོད་བསྔགས་བྱེད་པའི་སྐོར་གྱི་ནང་དོན་ཕན་ཚུན་བར་གླུ་ལེན་རེས་བྱེད། བྱ་འགུལ་ཆོས་ལུགས་རང་བཞིན་གྱི་འགྲེལ་བཤད་བརྒྱུད་ནས། རྒན་བཀུར་ཆུང་བྱམས་དང་། གུས་ལུགས་དགེ་སྒྲུབ། འཆམ་མཐུན་མཐུན་སྒྲིལ་གྱི་ནང་དོན་མཚོན། ཡུལ་དངོས་སུ་དྲོད་ཁོལ་ལྡན་པའི་དད་གུས་དང་། སྤྲོ་སྣང་ཞི་མཐུན་གྱིས་ཁེངས་པའི་དུས་ཆེན་ཞིག་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་འདིས་རྟ་རྒྱུག་མདའ་འཕེན་གྱིས་བྱ་འགུལ་འདི་ནི་ཇོ་བོ་ཤཱཀྱ་མུ་ནེ་སངས་རྒྱས་པ་ལ་རྗེས་དྲན་དང་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་སྐུ་ལ་མཆོད་པ་འབུལ་བ་ཡིན། མི་རབས་ནས་མི་རབས་སུ་རྒྱུན་ཆད་མ་མྱོང་ལ། ལོ་རྒྱུས་ཧ་ཅང་རིང་བ། ལོ་སར་གྱི་སྐབས་སུ་གཙོ་སྒྲུབ་བྱེད་པའི་རྟ་རྒྱུག་མདའ་འཕེན་ནི་སྡེ་བ་ཡོངས་ཀྱིས་མཉམ་གཅིག་ཏུ་ལོ་གསར་བར་རྒྱུ་ལོངས་སྤྱོད་འཛོམས་པ་དང་། ཆར་ཆུ་དུས་ལྟར་འབབ་པར་གསོལ་བ་འདེབས་པའི་སྲོལ་རྒྱུན་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་ཡིན།།