本版导航 各版导航 视觉导航 标题导航 以往报纸

རང་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་ ཟབ་མོ་བྱས་ཏེ་ཀན་ལྷོའི་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

藏文报 新闻    时间:2018年04月14日    来源:藏文报

    ཉེ་བའི་ལོ་འགར། རང་ཁུལ་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཞིང་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱས་པ་བརྒྱུད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་སུ་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྤུས་རྟགས་གྲགས་པར་བྱས། ཡུལ་སྐོར་ལས་རིགས་དེ་ཀན་ལྷོའི་བོད་ཁུལ་གྱི་ས་གནས་ཐོན་སྐྱེད་ནུས་ཤུགས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཇེ་ལེགས་སུ་གཏོང་བའིཕྱུག་འགྱུར་ཐོན་ལསསུ་གྱུར་ཡོད་ལ། ས་ཁུལ་གཞན་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་མི་རིགས་ས་ཁུལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའིཕྱི་འབྲེལ་ལས་དོནཞིག་ཏུ་གྱུར་ཡོད། 
   འགྲིམ་འགྲུལ་འཛུགས་སྐྲུན་ཐད། བསང་ཆུ་གནམ་གྲུ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་པ། ལིན་ཞ་ནས་གཙོས་བར་གྱི་མྱུར་བགྲོད་གཞུང་ལམ། ཐེ་བོ་ནས་སྡོང་ཁྲོམ་བར་གྱི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ། རྨ་ཆུ་ནས་གཅིག་སྒྲིལ་དང་གཙོས་ནས་ཧོ་ཀྲིན། བསང་ཆུ་ནས་རེབ་གོང་བར་གྱི་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་རྔ་བ་དང་རྨ་ལྷོ། ལན་ཀྲོའུ། ལིན་ཞ། ཏེན་ཞི། ལུང་ནན་སོགས་གྲོང་ཁྱེར་དང་ཁུལ་ཕན་ཚུན་འབྲེལ་མཐུད་ཀྱིའགྲིམ་འགྲུལ་སྐོར་ལམ་ཆེན་པོཞིག་གྲུབ་ཡོད།  
    ཡུལ་ལྗོངས་ཁུལ་འཛུགས་སྐྲུན་ཐད། མ་དངུལ་སྒོར་དུང་ཕྱུར 7.22བཏང་ནས་ཡུལ་སྐོར་ལས་གཞི 43ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱིAརིམ་པའི་མཛེས་ལྗོངས་ཁུལ 27ལ་རིམ་སྤོར་སྒྱུར་བཀོད་བྱས། འགོ་ནང་དང་བླ་བྲང། བྲག་སྒམ་ནང་བཅས་མཛེས་ལྗོངས་ཁུལ་ཆེན་པོ 3འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཁེ་སྤོགས་ཁུལ་ཡོངས་དང་ཁོངས་ཡོངས་སུ་རྒྱ་བསྐྱེད།
    གྲོང་གསེབ་ཀྱི་ཡུལ་སྐོར་ཐད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་སྟེང་ལོ་རེར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་འཚམ་པའི་རང་བྱུང་སྡེ་བ 60རེ་བདམས་ནས་ཡུལ་སྐོར་ཆེད་ལས་སྡེ་བ་བསྐྲུན། ཀ་ཤུལ་སྡེ་བ་ཁོར་ཡུག་གསར་བརྗེ་རིམ་སྤོར་ཅན་གྱི་དཔེ་སྟོན་སྡེ་བ་དང་མོའོ་ཧྭ་ཧྲན་ཡུལ་སྐོར་ཆེད་ལས་དཔེ་མཚོན་སྡེ་བ་བཏོད་པར་བྱས། ཁུལ་ཡོངས་སུ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ཁྱིམ་ཚང 1112ཡོད་པ་དང་། ཚོགས་པ་ཞག་སྡོད་ཐུབ་པའི་ཁྱིམ་ཚང 493ལ་བསླེབས། ལིན་ཐན་རྫོང་ཡེ་ལི་ཀོན་གྲོང་རྡལ་འགོ་ནང་ཐང་སྡེ་བའི་ཞིང་ཁྱིམ་སྤྲོ་ར་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 3ནས་ཁྲི 5ལ་བསླེབས། བསང་ཆུ་རྫོང་མདའ་མེད་ཤང་བྲག་མཆོག་སྡེ་བས་གཅིག་བསྡུས་སྒོས་མཐོ་སྒང་གི་ལུག་མིག་མེ་ཏོག་མུའུ 100ལྷག་འདེབས་འཛུགས་བྱས་ཏེ། མེ་ཏོག་ར་བའི་ཉིན་རེའི་ཆ་སྙོམས་ཡོང་འབབ་སྒོར 1000ལྷག་ལ་བསླེབས་པ་དང་དེ་སྔོན་ལོ་གསུམ་ལ་ཞིང་བཏབ་པའི་ཡོང་འབབ་དང་མཚུངས་པ་རེད། 
    ཞབས་ཞུའི་སྒྲིག་ཆས་ཐད། སྤྱོད་ཁང་གསར་བརྗེ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་གསར་དུ་བཙུགས་པ་དང་ལེགས་བཅོས་བྱས་ཏེ། རྒྱ་སྐྱེད་བཏང་བའི་ཡུལ་སྐོར་སྤྱོད་ཁང 185དང་། མཛེས་ལྗོངས་ཁུལ་དང་ལམ་རྒྱུད་ལྟ་ལྗོངས་སྟེགས་བུ 51འཛུགས་སྐྲུན་བྱས། དུང་ཕྲུག་རྩྭ་ཐང་དང་དག་ཡིག་ཁོག་སོགས་སྒེར་འཁོར་སྒར་སའི་ལས་གཞི 4དང་ཀ་ཤུལ་སོགས་སྒེར་འཁོར་སྒར་ས 9རིམ་གྱིས་དོན་འཁྱོལ་བྱས།།