本版导航 各版导航 视觉导航 标题导航 以往报纸

ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཚོགས་འདུ་ཚོགས་པ།

藏文报 新闻    时间:2018年04月14日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 8ཉིན་ལ། ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཚོགས་འདུ་གཙོས་སུ་ཚོགས། 
    ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། 
    ཚོགས་འདུའི་ཐོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་ཁུར་བས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་སྙན་ཞུ་ཕུལ་བ་དང་། 2017ལོའི་ལོ་འཁོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དམིགས་ཚད་འགན་འཁྲིར་དཔྱད་ཞིབ་བྱས་པའི་གནས་ཚུལ་བརྡ་ཁྱབ་སྤེལ། རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་སྔོན་ཐོན་བྱ་བྱེད་མི་སྣ་དང་ཐེ་བོ་དང་རྨ་ཆུ། ཀླུ་ཆུ་བཅས་ཀྱི་ལས་བགོས་འགན་ཁུར་བས་གཏམ་བཤད་སྤེལ་རེས་བྱས། 
    ཧྥན་ཝུའུ་ཏེ་ཡིས་ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་མོ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བར་བཏོན་པའི་བླང་བྱ་གསར་བར་ངོས་ཟིན་ཟབ་མོ་བྱས་ནས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་གིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བར་གསར་དུ་བསླང་བའི་འགྲན་རྩོད་ལ་ཁ་གཏད་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བ་ལེགས་པོ་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཇུག་སྒོ་འཁྲུལ་མེད་དུ་བཙལ་ནས་ཞན་ཆ་ཁ་གསབ་དང་ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་དང་འབོར་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་བ། མི་དོན་དོ་དམ་ཚད་ལྡན་ཡིན་ཞིང་གོ་རིམ་ལྡན་པ། ངལ་རྩོལ་འབྲེལ་བ་འཆམ་མཐུན་བརྟན་འཇགས་ཡིན་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་རིམ་སྤོར་སོགས་སྔར་བཞིན་བརྟན་པོའི་ངང་ཡར་རྒྱས་འགྲོ་བཞིན་ཡོད། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་ཤེས་ལྡན་མི་སྣ་ནང་འདྲེན། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གིས་གཞི་ཐིག་དམ་སྲུང་བྱེད་ཐུབ་པ། གླ་ཕོགས་ཡོང་འབབ་དང་ངལ་རྩོལ་འབྲེལ་བས་ཉེན་ཁ་འགོག་ཐུབ་པ། མི་དོན་དོ་དམ་དང་ཤེས་ཡོན་པའི་དཔུང་སྡེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཁག་ཐེག་བྱས་ནས་ཧུར་བརྩོན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བ་དེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་པའི་ཚོར་བ་དང་སྐྱིད་པའི་ཚོར་བ། བདེ་བའི་ཚོར་བ་བཅས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ཞེས་བསྟན།།