本版导航 各版导航 视觉导航 标题导航 以往报纸

ཅོ་ནེ་རྫོང་ཤོ་བ་ཤང་ གིས་འདེབས་འཛུཊ་

ལས་རིགས་གོང་ འཕེལ་ལ་བརྟེན་ནས་

ཞིང་བའི་ཡོང་འབབ་ འཕར་སྣོན་བཏང་བ།

藏文报 新闻    时间:2018年04月14日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཐོན་ལས་ཡོངས་འབབ་འཕར་སྣོན་གྱིས་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་ཆེད། ཅོ་ནེ་རྫོང་ཤོ་བ་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཆེན་པོའི་རོགས་སྐྱོར་འོག ལ་པ་སྡེ་བས་ཤུགས་ཆེན་གྱིས་སྨན་རྩྭ་དང་སྒོག་པ་འདེབས་འཛུགས་གོང་འཕེལ་དུ་བཏང་། 
    ཤང་ཏང་ཨུ་དང་། སྲིད་གཞུང་གིས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལེ་ཏོའུ་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ར་བ་ནས་སྒོག་པའི་ས་བོན་ཉོས། འདིའི་ཡར་སྔོན་ལ། ཤང་གི་འགོ་གཙོ་དང་སྡེ་བའི་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་སྒོག་པའི་ས་བོན་འདེམས་ཉོ་བྱེད་པར་བློ་འདྲི་དང་ཞིབ་བསྡུར་གཏིང་ཟབ་བྱས་པ་མ་ཟད། ལེ་ཏོའུ་དབུལ་སྐྱོར་ཐོན་ལས་ར་བ་དང་འབྲེལ་བ་བྱས་ནས་ས་བོན་འདེམས་པའི་སྐོར་ཀྱི་ཞིབ་ཕྲའི་བྱ་བར་འབྲེལ་འདྲིས་གཏིང་ཟབ་བྱས་པ་དང་། ཐོན་ལས་ར་བའི་འབྲེལ་ཡོད་མི་སྣ་དང་བགྲོ་གླེང་བྱས་ནས་སྒོག་པའི་ས་བོན་གྱི་སྣ་ག་དང་གྲངས་ཀ་གཏན་ཁེལ་བྱས་རྗེས། སྒོག་པའི་ས་བོན་གཅིག་བསྡུས་སྒོས་ལ་པ་སྡེ་བར་སྐྱེལ་ནས་སྔོན་ཆད་ཀྱི་གྲོས་མཐུན་ལྟར་ས་ཞིང་མུའུ་ལྟར་ཁྱིམ་ཚང་རེ་རེ་ལ་བཀྲམ།
    ཤང་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་བེད་སྤྱོད་བྱས་ནས་ངར་ཤུཊ་གཅིག་སྒྲིལ་བྱེད་པ་དང་། ཧུར་བརྩོན་གྱིས་ཕྱུག་འགྱུར་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། འདེབས་འཛུགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་བྱ་དགོས་པའི་བླང་བྱ་བཏོན།།