本版导航 各版导航 视觉导航 标题导航 以往报纸

རྨ་ཆུ་རྫོང་གིས་རླངས་འཁོར་ཁ་ལོ་བའི་གཞུང་ལུགས་རྒྱུགས་ལེན་ལ་ བོད་སྐད་སྐད་གདངས་ཀྱི་རྒྱུགས་ལེན་མ་ལག་སྤྱོད་འགོ་བརྩམས་པ།

藏文报 新闻    时间:2018年04月14日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། རྨ་ཆུ་རྫོང་ཞིན་ལུང་ཁ་ལོ་བའི་སློབ་གྲྭའི་ནང་དུ་མི་མང་པོ་ཞིག་གིས་སྔ་མོ་ནས་བོད་སྐད་སྐད་གདངས་ལད་ཟློས་རྒྱུགས་ལེན་གྱི་གསོ་སྦྱོང་སྦྱོང་བརྡར་གྱི་འཛིན་གྲྭ་འཛུགས་པའི་མཛད་སྒོར་ཞུགས་པར་སྒུག་འདུག གསོ་སྦྱོང་སྦྱོང་བརྡར་ལ་ཞུགས་པའི་སློབ་མ་མང་ཆེ་བ་ནི་ཞོལ་མ་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་ནས་ཡོང་བ་རེད།
    ས་གནས་དེ་གའི་འབྲོག་པའི་དོན་དངོས་དགོས་མཁོ་ཐག་གཅོད་བྱེད་པ་དང་། རྫོང་ཡོངས་ཀྱི་བོད་རིགས་སློབ་མའི་རླངས་འཁོར་ཁ་ལོ་བའི་གཞུང་ལུགས་རྒྱུགས་ལེན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། མིག་སྔར་སློབ་མ་ཁ་ཤས་ཀྱི་རྒྱ་ཡིག་གི་ཆུ་ཚད་དམའ་བ། བོད་ཡིག་ཆུ་ཚད་ནི་བོད་སྐད་བཤད་ཐུབ་པ་དང་ཉན་ཐུབ་པ་ལས་བོད་ཡིག་འབྲི་མི་ཤེས་པའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ནས། ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་། རྨ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་སོགས་ཕྱོགས་མང་པོའི་མཐུན་སྦྱོར་འོག རླངས་འཁོར་ཁ་ལོ་བའི་བོད་སྐད་སྐད་གདངས་གཞུང་ལུགས་རྒྱུགས་ལེན་ལད་ཟློས་མ་ལག་ཉེ་ཆར་རྨ་ཆུ་རྫོང་ཞིན་ལུང་ཁ་ལོ་བའི་སློབ་གྲྭ་ནས་སྤྱོད་འགོ་བརྩམས། འདི་ནི་ཁུལ་ཡོངས་ཀྱི་རླངས་འཁོར་ཁ་ལོ་བའི་བོད་སྐད་སྐད་གདངས་གཞུང་ལུགས་རྒྱུགས་ལེན་ལད་ཟློས་མ་ལག་གི་གསོ་སྦྱོང་ལས་སྟེགས་ཡོད་པའི་རྫོང་ཐོག་མ་ཡིན།།