ང་རྩེ་ཁོག་གི་རླུང་ནང་དུ་ལུས།
བསམ་སྤྱོད། [མཚོ་སྔོན]
藏文报
作者:
新闻 时间:2018年04月14日 来源:藏文报
རྩེ་ཁོག་གི་རླུང་བུ་དེ་རིང་ཉིན་གང་བོར་ངུས།
ངུས་ཀྱིན་ངུས་ཀྱིན་ཤུགས་ཀྱིས་ངུ་།
ཁ་དང་ངོ་ཡང་ཞུམ་འགྲོ་ལ མཐོང་ཚད་ལ་འཁྱག་སོབ་སོབ།
རྩེ་ཁོག་རླུང་ནང་ན་འདུག རླུང་ནང་ན་བྱ་ཡང་མི་འདུག
རི་རབ་དང་ཁང་ཁྱིམ་དག་ཀྱང་རླུང་གིས་འཇུམ་འདུག
རྩེ་ཁོག་གི་རླུང་ནང་ན་ཁྱི་སྐད་འདུག
རྩེ་ཁོག་རླུང་ནང་གི་མགྲོན་པོ་ཡིན།
རླུང་གི་དར་ལྕོག རླུང་གི་སྨྲ་ལྕེ་རླུང་གིས་གཡོ།
རྩེ་ཁོག་སྐྱིད་པོ་རི་རེད།
འབྲོག་ཐང་ན་ལྷབ་ལྷུབ་ཏུ་གཡོ་བའི་རྒྱ་ཡིག་ཆེན་པོ་དེ།
གེ་སར་གྱིས་སྐད་བརྡ་འཕྲོད་བཞིན་མི་འདུག
གེ་སར་གྱིས་རྒྱ་སྐད་སྨྲ་ཤེས་སམ།
རྩེ་ཁོག་ན་རླུང་ཆེན་པོ་འདུག རྩེ་ཁོག་གི་རླུང་དེ་ཤིན་ཏུ་ངུ་།
བཟོ་ལྟ་ཅན་གྱི་རླུང་དེ།
དཔོན་ཉམས་ཅན་གྱི་རླུང་དེ་ཡང་ཞིང་གཡོ།
དེ་རིང་ང་རྩེ་ཁོག་གི་རླུང་ནང་དུ་ལུས ཁ་དང་ལག་པ་ཞུམ་འགྲོ་ལ།
རྐང་པ་དང་རླངས་འཁོར་ཡང་འདར་སིག་སིག།