本版导航 各版导航 视觉导航 标题导航 以往报纸

ཨེ་ཤ་ཡའི་སྨྱན་བྱད་ལས་ཁུངས་ཀྱི་མཐོ་རིམ་གྲོས་ཚོགས་ཧེ་ནན་སན་ཡ་ནས་ཚོགས་པ།

藏文报 新闻    时间:2018年04月14日    来源:藏文报

    ཨེ་ཤ་ཡའི་སྨྱན་བྱད་ལས་ཁུངས་ཀྱི་མཐོ་རིམ་གྲོས་ཚོགས་ཟླ 4བའི་ཚེས 9ཉིན་ལ། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་སྐབས་སུ་ཧེ་ནན་སན་ཡ་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུང་མེན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད། ཁ་ཡིག་ལ་སྒོ་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། མཉམ་དུ་ཨེ་ཤ་ཡ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཞེས་པའི་གཏམ་བཤད།
    ཧོང་ཁུང་མེན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་རེད། ལོ་ངོ་བཞི་བཅུའི་རིང་ལ་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས། ཨེ་ཤ་ཡའི་རྒྱལ་ཁབ་ལ་ཕན་བདེ་བསྐྲུན་པ་མ་ཟད། འཛམ་གླིང་ལ་བྱས་རྗེས་བཞག་སྟེ། འཛམ་གླིང་དང་མཉམ་འདྲེས་བྱས་ནས་འཛམ་གླིང་ལ་ཕན་བདེ་བསྐྲུན། ཀྲུང་གོས་ཨེ་ཤ་ཡ་དང་འཛམ་གླིང་དང་མཉམ་དུ་གསར་གཏོད་ཀྱི་བགྲོད་ལམ་སྟེང་སྐྱོད་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད། དེང་སྐབས་འཛམ་གླིང་གི་འཕེལ་རྒྱས་ཆེན་པོ་དང་འགྱུར་ལྡོག་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་རྒྱབ་ལྗོངས་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བྱུང་ཆབ་སྲིད་པ་དང་འཐབ་ཇུས་པའི་འཛམ་གླིང་མིག་རྒྱ་དང་འཐབ་ཇུས་བསམ་ཕྱོགས་སྤྱད་དེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཨེ་ཤ་ཡ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པ་སོགས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་བསམ་བློ་དང་འདོད་བློ་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་དར་རྒྱས་གོང་འཕེལ་དུ་གཏོང་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་བཏོན།
    ཧོང་ཁུང་མེན་གྱིས་ནན་གྱིས་བསྟན་དོན། ཨེ་ཤ་ཡའི་སྨྱན་བྱད་ལས་ཁུངས་ཀྱིས་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་མཐོན་པོར་སྒྲེང་བ་དང་། གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་པ། མཉམ་ལས་ཀྱི་ཐུན་མོང་འདུ་ཤེས་གཅིག་བསྡུ་བྱེད་པ། དཔལ་ཡོན་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བ། ཨེ་ཤ་ཡའི་གཏམ་བཟང་བསྒྲགས་པ་བཅས་བྱས་ནས། ཨེ་ཤ་ཡའི་མི་དམངས་ཀྱི་གསར་གཏོད་གསར་སྐྲུན་དང་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་མཉམ་རྒྱལ་གྱི་གཏམ་རྒྱུད་བཟང་བོར་བརྗོད་དགོས་པ་མ་ཟད། དྲང་ཕྱོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཛེས་པའི་འཛམ་གླིང་དང་མཛེས་པའི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
    ཨེ་ཤ་ཡའི་རྒྱལ་ཁབ 40ཡི་སྨྱན་བྱད་གཙོ་བོའི་འགན་ཁུར་བ 140 ལྷག་དང་། ཨེ་ཤ་ཡའི་རིག་གནས་ཤེས་ལྡན་མི་སྣ་དང་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་བསྡོམས་པས་མི 300ལྷག་འགོ་ཚོགས་རྩོམ་པའི་མཛད་སྒོར་ཞུགས།།
  (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)