བོད་ལྗོངས་མེ་ཏོག་རྫོང་གིས་དཔྱིད་ཀའི་ཇ་ལོ་འཐུ་བའི་དུས་ཚིགས་བསུས་པ།
藏文报
作者:
新闻 时间:2018年04月14日 来源:藏文报
ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་རྫོང་ནི་དཔྱིད་ཀའི་ཇ་ལོ་འཐུ་བའི་དུས་ཚིགས་སུ་སླེབས་ཡོད།
མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ས་བབ་དམའ་ཤོས་ཀྱི་ས་ཆ་ཞིག་ཡིན་པས། གནམ་གཤིས་དྲོ་ཞིང་ཆར་ཆུ་མོད་པོ། ཇ་སྡོང་འཛུགས་རྒྱུར་འཚམ་པོ་ཡོད། ཤེས་ཚུལ་ལྟར་ན། མེ་ཏོག་རྫོང་དུ་དུས་རབས 20བའི་ལོ་རབས 70ཡི་དུས་ནས་ཇ་སྡོང་འཛུགས་པའི་ལོ་རྒྱུས་ཡོད་ལ། 2012ལོར་མེ་ཏོག་རྫོང་དུ་ཚོད་ལྟའི་རང་བཞིན་གྱི་ཇ་ཞིང་དང་པོ་དེ་བཙུགས་པས། 2016ལོར་མེ་ཏོག་རྫོང་ནི་བོད་ལྗོངས་ཀྱི་ལྗོངས་རིམ་པའི་ཕྱིར་གཏོང་བཟའ་ཆས་དང་ཞིང་ལས་ཐོན་རྫས(ཇ་)ཀྱི་སྤུས་ཚད་བདེ་འཇགས་ཀྱི་མ་དཔེ་ས་ཆར་གྱུར་ཡོད། ད་ལྟའི་བར་དུ་མེ་ཏོག་རྫོང་དུ་ཚད་མཐོ་བའི་ས་མཐོའི་སྐྱེ་ལྡན་ཇ་ཞིང་ཁྱོན་བསྡོམས 25བཙུགས་ཡོད་པ་དེའི་སྤྱིའི་གཞི་ཁྱོན་མུའུ 7326ཟིན་ཡོད།
ཟླ 3པའི་ཚེས 17ཉིན་ནས་ད་བར་དུ། མེ་ཏོག་གྲོང་རྡལ་གྱི་སྤང་ཐང་དང་། ལྷ་གོང་གྲོང་ཚོ། སྟག་མོ་ཤང་སོགས་ཇ་ཞིང 9ཡིས་ཁྱོན་ཇ་ལོ་རྒྱ་མ 10480ལྷག་ཙམ་འཐུས་ཡོད་པས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི 50ཙམ་འཕར་སྣོན་བྱུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་བསྐྱེད་ཆེད། མེ་ཏོག་རྫོང་གིས་ཇ་ལོའི་ཐོན་ལས་ལ་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། སྒོར་སྒོར་ཐང་གི་ཇ་ལོ་རྟེན་གཞི་ངལ་གསོ་མྱོང་རོལ་ཁང་གིས་སྒོར་སྒོར་ཐང་གི་མཛེས་ལྗོངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ནས། མེ་ཏོག་རྫོང་དུ་ཇ་ལོ་འཐུ་བ་དང་ལྟ་སྐོར་བྱེད་པ་གཉིས་ཟུང་འབྲེལ་གྱི་མྱོང་རོལ་ཁུལ་གསར་གཏོད་བྱས།
དེ་སྔོན་གྱི་མེ་ཏོག་རྫོང་ནི་ཀྲུང་གོའི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཐའ་མ་ཡིན་པས“གསང་བའི་པད་མ”ཞེས་གྲགས་ལ། 2013 ལོའི་ཟླ 10བའི་ཚེས 31ཉིན་ལ། མེ་ཏོག་རྫོང་དུ་གཞུང་ལམ་དངོས་སུ་ཤར་བགྲོད་ཐུབ་པ་ནས་བཟུང“ས་མཐོའི་ཁེར་ཆགས་གླིང་ཕྲན”དུ་བགྲོད་ཐུབ་པར་བྱུང་ཡོད།། (མི་དམངས་དྲ་བའི་འཕྲིན།)