本版导航 各版导航 视觉导航 标题导航 以往报纸

ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་ སྦྲའི་སྒྲིག་བཅོས་དང་རིམ་སྤར་བྱ་འགུལ་ཁྱོན་ཡོངས་ནས་སྤེལ་བ།

藏文报 新闻    时间:2018年05月16日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡི་གཅིག་གྱུར་བཀོད་སྒྲིག་འོག ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་དང་རིམ་སྤར་བྱ་འགུལ་དེ་ཟླ 5བའི་ཚེས 11ཉིན་ལ་ཁྱོན་ཡོངས་ནས་སྤེལ། 
    ཁུལ་དང(གྲོང་ཁྱེར)་གྱི་སྡེ་ཚན་སོ་སོའི་ལས་བྱེད་པས་གཙང་སྦྲའི་ཡོ་བྱད་བཟུང་ནས་རང་རང་གི་འགན་ཁུར་ཁྱབ་ཁོངས་ཀྱི་གཞུང་ལས་ཁང་དང་སྲང་ལམ། སྤྱི་སྤྱོད་སྒྲིག་ཆས། གད་སྙིགས་སོགས་གཙང་བཤེར་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གནས་སྐབས་སུ་བསྐྲུན་པའི་དངོས་པོ་དང་ཆག་སྐྱོན་ཤོར་བའི་སྒྲིག་ཆས་སོགས་བཤིག་པ་དང་ཞིག་གསོ་བྱས། ཐེངས་འདིའི་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་གཙང་སྦྲ་གཅིག་བསྡུས་སྒྲིག་བཅོས་སུ་གྲོང་ཁྱེར་དང་གྲོང་རྡལ། གྲོང་ཚོ། ཡུལ་ལྗོངས་ཁུལ། གཞུང་ལམ་འགྲམ་རྒྱུད་སོགས་ཀྱི་སྒྲིག་བཅོས་འདུས་ཡོད། 
    ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཁྱབ་ཁོངས་ནང་གི་གད་སྙིགས་གཙང་ཕྱགས་དང་མིག་གིས་མི་མཐོང་སའི་གད་སྙིགས་གཅིག་ཀྱང་ཤོར་ཏུ་མ་བཅུག་པར་གཙང་མ་ཕྱགས།
    ཁུལ་མི་དམངས་སྲིད་གཞུང་གི་ལས་བྱེད་པ་ལི་མིང་གིས“ལས་བྱེད་པ་ཡོངས་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་ཀྱི་བྱ་བའི་ཁྲོད་ཞུགས་པའི་རྒྱུ་མཚན་ནི་མཛེས་ཤིང་གཙང་བའི་གཙོད་གྲོང་གི་རྣམ་པ་ཀུན་གྱི་མིག་མདུན་དུ་སྟོན་པའི་ཆེད་དུ་ཡིན”ཞེས་བཤད། 
    ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ་ལས་བྱེད་པ་ཧུར་ཐག་གིས་ཞུགས་སུ་བཅུག་པ་དང་། གཟའ་འཁོར་རེའི་གཟའ་པ་སངས་ཉིན་གྱི་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་ཆེན་པོའི་བྱ་འགུལ་ཏན་ཏིག་སྒོས་སྤེལ་ཐུབ་པ་འགན་ལེན་བྱས་པ་མ་ཟད་ཕན་འབྲས་དངོས་ཐོན། འགན་ནུས་སྡེ་ཚན་དག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་འགན་འཁྲིའི་ཁྱབ་ཁོངས་ནང་གི་སྒྲིག་བཅོས་བྱ་བ་ལེགས་པོ་སྤེལ་བ་དང་། ཤང་དང་སྡེ་བ་རིམ་པ་གཉིས་ཀྱིས་སྒྲིག་བཅོས་བྱ་བའི་འགན་འཁྲི་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་གིས་སྐུལ་སློང་བྱས་ནས། སྟོབས་དང་ལྡན་པའི་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ།
    ལྟ་ཞིབ་ཚོ་ཆུང་གིས་རྫོང་སོ་སོ་དང་གྲོང་ཁྱེར་གྱིས་གཅིག་བསྡུས་སྒྲིག་བཅོས་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་དང་བརྟག་དཔྱད། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བྱས་ནས་སྒྲིག་བཅོས་བྱ་བ་གོ་རིམ་ལྡན་པ་དང་ནུས་པ་ཐོན་པའི་ངང་སྤེལ་བར་སྐུལ་འདེད་བྱས།།