本版导航 各版导航 视觉导航 标题导航 以往报纸

སློབ་གསོ་དེ་ཆེས་གནད་ཁེལ་གྱི་དབུལ་སྐྱོར་ཞིག་ཏུ་ཆགས་སུ་བཅུག་པ།

€€ཀན་ལྷོ་ཁུལ་གྱི་སློབ་གསོའི་དབུལ་སྐྱོར་བྱ་བ་འཕེལ་རྒྱས་བྱུང་བའི་དངོས་བྲིས།

藏文报 新闻    时间:2018年05月16日    来源:藏文报


    ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་སློབ་གསོའི་ཐད་མ་རྩ་གཏོང་ཤུགས་ཆེ་རུ་བཏང་སྟེ། བསྟུད་མར་མ་དངུལ་སྒོར་དུང་ཕྱུར 15.76བཏང་ནས་སྡོད་ཤག་གི་བདེ་འཇགས་ལས་གྲྭ་དང་ཆ་རྐྱེན་ཞན་པའི་སློབ་གྲྭ་བསྒྱུར་བཀོད་འཆར་གཞི། བྱིས་གཉོར་ཁང་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་ནས“བྱིས་པ་གཅིག་ཀྱང་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་སློབ་སྐལ་ཆད་དུ་མི་འཇུག་པའི”དམིགས་འབེན་མངོན་འགྱུར་བྱས། ཁུལ་དང་གྲོང་ཁྱེར། རྫོང་སྲིད་གཞུང་གིས་མ་དངུལ་རང་གྲབས་བྱས་ནས་རོང་འབྲོག་སྡེའི་སློབ་ཞུགས་སྔོན་གྱི་བྱིས་པའི་འཚོ་བཅུད་ལེགས་བཅོས་འཆར་གཞི་དང་རོང་འབྲོག་སྡེའི་སློབ་ཞུགས་སྔོན་གྱི་སློབ་གསོའི་སྤྱི་སྤྱོད་གྲོན་དངུལ་དེ་ས་གནས་ཀྱི་ནོར་སྲིད་འགན་སྲུང་སྲིད་ཇུས་སུ་བཅུག་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི 2478བཏང་།
   རོགས་སྐྱོར་བྱེད་པར་སྔོན་ལ་སློབ་གསོའི་དབུལ་སྐྱོར་བྱེད་དགོས་ཏེ། ཀན་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱིས་མི་རིགས་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། དུས་ཡུན་རིང་བོར་དབུལ་བའི་རྩ་བ་གཅོད་ཕྱིར་སློབ་གསོའི་གནད་ཁེལ་དབུལ་སྐྱོར་གྱི་ཆེད་དོན་འཆར་ཟིན་གཏན་འབེབས་བྱས། 
    རང་ཁུལ་གྱིས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་དང་བྱིས་པ་རེ་རེར་སྤུས་དག་སློབ་གསོ་མྱོང་དུ་འཇུག་པ། སློབ་གྲྭའི་བཀོད་སྒྲིག་ལུགས་མཐུན་ཅན་དང་སློབ་གཉེར་ཆ་རྐྱེན་ཆ་རྐྱེན་ཚད་ལྡན་ཅན། དགེ་རྒན་བཀོད་སྒྲིག་དོ་མཉམ་ཅན། སློབ་གསོའི་དོ་དམ་ཞིབ་ཚགས་ཅན། སློབ་གསོའི་རྒྱུ་སྤུས་སྤུས་དག་ཅན་གྱི་རིག་ལམ་ལྟར། རྫོང་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་བར། སློབ་གྲྭ་དང་སློབ་གྲྭའི་བར་དགེ་རྒན་ཆུ་ཚད་དོ་སྙོམས་སོགས་ཀྱི་ཐད་གནད་ཁེལ་ཤུགས་འདོན་བྱས་ནས“ཁྱོན་ཡོངས་ནས་ཉམས་ཞན་ལེགས་བཅོས་ལས་གཞི”ལག་བསྟར་བྱས་པ་དང་། ཚད་ལྡན་གྱི་སློབ་གྲྭ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་གྱི་ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་དགེ་རྒན་གྲོང་གསེབ་ཏུ་དགེ་རྒན་བྱེད་པར་སྐུལ་སློང་བྱེད་པ། དོ་དམ་ཞིབ་ཚགས་བྱེད་པར་ཤུགས་སྣོན་པ། སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། འབྲུག་ཆུ་རྫོང་དང་གཙོས་གྲོང་ཁྱེར། རྨ་ཆུ་རྫོང། ཅོ་ནེ་རྫོང་བཅས་རྫོང་དང་གྲོང་ཁྱེར་བཞིའི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ།  
    གནད་ཁེལ་དབུལ་སྐྱོར་དེ་སྔོན་ཆད་དང་མི་འདྲ་བར་ཅི་ཡོད་དེ་སྟེར་མ་ཡིན་པར་ཅི་ཆད་དེ་གསབ་བྱེད་དགོས། ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཧྲང་ཞུའེ་ཅེ་ཡིས“སློབ་གསོའི་དབུལ་སྐྱོར་དེ་དངོས་པོ་དང་སློབ་གསོའི་རོགས་དངུལ་ཁོ་ན་ཙམ་མ་ཡིན་པར་དེ་ནི་རིག་གནས་ཀྱི་འཛུགས་སྐྲུན་ཞིག་ཡིན་ལ། དོ་མཉམ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ཞིག་དེ་བས་ཀྱང་ཡིན། སློབ་མ་རེ་རེའི་ནང་གནས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་དགོས། སློབ་མ་རེ་རེའི་སྔར་ལས་ལེགས་པའི་འཚོ་བར་སྙེགས་པའི་ནང་གནས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་དགོས། རྒྱུ་མཚན་ནི་བྱིས་པ་བསྒྱུར་ཚེ་ད་གཟོད་དབུལ་ཕོངས་ཀྱི་མི་རབས་རིམ་བརྒྱུད་འགོག་གཅོད་བྱེད་ཐུབ”ཅེས་བསྟན།།
                    ( སྒྲོལ་མ་འཚོས་བསྒྱུར། )