|
|
图片4
藏文报
作者:
新闻 时间:2018年05月16日 来源:藏文报
 ཉེ་ཆར། ལིན་ཐན་རྫོང་སློབ་འབྲིང་གཉིས་པའི་སྐབས་དང་པོའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་ལྔ་བཅུ་ང་གཅིག་པའི་དཔྱིད་དུས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས།
འགོ་ཚུགས་མཛད་སྒོའི་ཐོག དགེ་སློབ་རྣམས་ཀྱིས་ཞབས་བྲོ་དང་གླུ་གཞས། ཟློས་གར་སོགས་ཀྱི་ལམ་ནས་སྣ་མང་ཕུན་སུམ་ཚོགས་པའི་སློབ་རའི་རིག་གནས་དང་སློབ་ཕྲུག་གཞོན་ནུ་རྣམས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས། འགྲན་སྡུར་ཐོག སློབ་གྲོགས་ཚོས་སྟོབས་ཤུགས་ཡོད་ཚད་བཀོལ་ནས“དེ་བས་མཐོ་བ། དེ་བས་མགྱོགས་པ། དེ་བས་ངར་བའི”ཨོ་ལིན་ཕིག་གི་སྙིང་སྟོབས་ཧུར་བརྩོན་གྱིས་དར་སྤེལ་བྱས།།
|
|
|