本版导航 各版导航 视觉导航 标题导航 以往报纸

གསར་འགྱུར་མདོར་བསྡུས།

藏文报 新闻    时间:2018年05月16日    来源:藏文报

    ༄༅།། ཉེ་ཆར། ཁུལ་སྒྲིག་ཨུ་དང་ཁུལ་ལྟ་སྐུལ་ཨུའི་ལས་ཁུངས་ཀྱིསསྤྱོད་ཚུལ་ལེགས་བསྒྱུར་དང་ཁོར་ཡུག་ལེགས་བཅོས་འཛུགས་སྐྲུན་ལོཞེས་པའི་བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་གཙོས་སུ་ཚོགས། 
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་སྐུལ་ཨུའི་ཀྲུའུ་རེན་ཧའོ་ཅུའེ་རྨིན་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད། 
    ཚོགས་འདུའི་ཐོག《ལག་བསྟར་ཇུས》དང《ཁུལ་སྒྲིག་ཨུ་དང་ཁུལ་ལྟ་སྐུལ་ཨུའི་ལས་ཁུངས་ཀྱིས“སྤྱོད་ཚུལ་ལེགས་བསྒྱུར་དང་ཁོར་ཡུག་ལེགས་བཅོས་འཛུགས་སྐྲུན་ལོ”ཞེས་པའི་བྱ་འགུལ་གྱི་འགོ་ཁྲིད་ཚན་ཆུང་ཚུགས་པའི་བརྡ་ཁྱབ》སྒྲོག་སྦྱང་བྱས་པ་དང་། ཚོགས་ཞུགས་མི་སྣས་ཀྲའེ་ཏ་གཞུང་ལམ་གནད་དོན་གྱི་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས། 
    ཁུལ་སྒྲིག་ཨུ་དང་ཁུལ་ལྟ་སྐུལ་ཨུའི་ལས་ཁུངས་ཀྱི་པུའུ་དང་ཚན་ཁག་དང་མངགས་བཅོལ་སྒྲིག་བཤེར་ཚོ་ཆུང་གི་ལས་བྱེད་པ་ཡོངས་གྲོས་ཚོགས་སུ་ཞུགས།།
    ༄༅།། ཉེ་ཆར། སྐབས་དང་པོའིཆེས་མཛེས་པའི་བསང་ཆུ་བལ་བྱ་དགའ་སྤྲོད་པའི་མཛད་སྒོ་བསང་ཆུ་རྫོང་ནས་སྤེལ། 
    བྱ་དགའ་སྤྲོད་པའི་མཛད་སྒོ་ལ་བརྙན་ཐུང་སྟོན་པ་དང་ཡུལ་དངོས་ནས་བྱས་རྗེས་འགྲེལ་བཤད། འགོ་ཁྲིད་ཀྱིས་བྱ་དགའ་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་ནས་བསང་ཆུའི་དམིགས་དཔེའི་སྙིང་སྟོབས་ཀྱི་རིན་ཐང་གང་ལེགས་ཀྱིས་མངོན་པར་བྱས།།
   ༄༅།། རང་ཁུལ་གྱིས་ནག་ཚོགས་གཙང་སེལ་བྱེད་པའི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་གཙོས་སུ་བསྡུས། 
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་སུང་ཀྲན་ཝུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད། 
    ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་སྲིད་ཁྲིམས་ཅུས་ཀྱི་ཅུས་ཀྲང་སྒྲོལ་མ་སྐྱབས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་བཅས་གྲོས་ཚོགས་སུ་ཞུགས། 
    ཁུལ་ནག་ཚོགས་གཙང་སེལ་འགོ་ཁྲིད་ཚན་ཆུང་སོ་སོའི་ཚན་གཙོ་གཞོན་པ། ཁུལ་ནག་ཚོགས་གཙང་སེལ་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཆེད་དོན་ཚན་ཆུང་སོ་སོའི་ཚན་གཙོ་བཅས་གྲོས་ཚོགས་སུ་ཞུགས།།