本版导航 各版导航 视觉导航 标题导航 以往报纸

རང་ཁུལ་གྱིས་མི་མེད་ གནམ་གྲུ་ཡིས་རྩྭ་ཐང་

དུ་སོན་འདེབས་ལུད་ རྒྱག་དང་གནོད་འབུ་

གསོད་པའི་དཔེ་སྟོན་ བྱ་འགུལ་སྤེལ་བ།

藏文报 新闻    时间:2018年05月16日    来源:藏文报

    ཟླ 5བའི་ཚེས 8ཉིན་ལ། ཁུལ་རྩྭ་ཐང་དོ་དམ་ས་ཚིགས་ཀྱིས་ལས་གཞི་བརྒྱུད་ནས་མི་མེད་གནམ་གྲུའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྒྲིག་གཞི་ནང་འདྲེན་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་ཕྱུགས་ལས་གཙོ་བོ་གཉེར་བའི་རྫོང་དང་གྲོང་ཁྱེར་གྱི་རྩྭ་ཐང་ཚན་རྩལ་ཞབས་ཞུ་ལས་ཁུངས་མཉམ་དུ་བསྡུས་ཏེ། གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་ཤང་གི་རྩྭ་ཐང་ནས་མི་མེད་གནམ་གྲུ་ཡིས་སོན་འདེབས་ལུད་རྒྱག་དང་གནོད་འབུ་གསོད་པའི་དངོས་སྦྱོང་བྱས། 
    ཡུལ་དངོས་ནས་རིགས་མི་འདྲ་བའི་མི་མེད་གནམ་གྲུའི་བྱེད་ནུས་དཔེ་སྟོན་བྱས། རྩྭ་ཐང་གི་གནོད་འབུ་གསོད་པའི་ཐད་ནས་མི་མེད་གནམ་གྲུ་གཅིག་གི་ལས་ཆོད་ནི་མི་ཞིག་གི་ལྡབ་བཅུའི་ཡན་ཡིན་པ་མ་ཟད། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ཇེ་དམའ་རུ་བཏང་ཡོད། སོན་འདེབས་ལུད་རྒྱག་ཐད་ནས་ལས་ཆོད་ཆེ་ཞིང་། སྟབས་བདེ་བ། གྲོན་ཆུང་སོགས་ཀྱི་ཕན་ནུས་མངོན་པར་གསལ། 
    དཔེ་སྟོན་དང་ལྟ་སྦྱོང་བྱས་པ་བརྒྱུད་ནས། ཚང་མར་མི་མེད་གནམ་གྲུའི་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་གི་བྱེད་ནུས་ལ་ངོས་ཟིན་གསར་བ་ཞིག་ཐོབ་པ་མ་ཟད། རྫོང་སོ་སོ་ལ་ལག་རྩལ་གསར་བ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་།།