本版导航 各版导航 视觉导航 标题导航 以往报纸

ཁུལ་ཞིང་ཕྱུགས་ཅུས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ ཀྱི་ཆེད་དོན་འཆད་ཁྲིད་སྤེལ་བ།

藏文报 新闻    时间:2018年05月16日    来源:藏文报

    ཟླ 5བའི་ཚེས 7ཉིན་ལ། ཁུལ་ཞིང་ཕྱུགས་ཅུས་ཀྱིས་ཕྱུགས་ལས་ཆེད་མཁས་པ་གདན་འདྲེན་ཞུས་ནས“ཀན་ལྷོ་ཁུལ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་བསམ་བློ”ཞེས་པའི་ཆེད་དོན་འཆད་ཁྲིད་སྤེལ། 
    འཆད་ཁྲིད་ཀྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་འདུ་ཤེས་ལ་དམ་པོར་དམིགས་ནས། ཀན་ལྷོའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་རྒྱབ་ལྗོངས་དང་། གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་སྐྲུན་གྱི་མ་ལག ལག་རྩལ་གྱི་འདེགས་སྐྱོར། ཕན་ནུས་ལ་དབྱེ་ཞིབ་སོགས་ཀྱི་ཐད་ནས་འགྲེལ་བཤད་བྱས་པ་མ་ཟད། གཙོ་བོར་རང་ཁུལ་གྱི་ཕྱུགས་ལས་ཐོན་ཁུངས་དང་། ཕྱུགས་ལས་ཐོན་ལས། ཕྱུགས་ལས་ཐོན་རྫས། ཕྱུགས་ལས་སྤུས་རྟགས་སོགས་ཀྱི་ཐད་ལ་གནས་པའི་འབུར་ཐོན་གནད་དོན་གསལ་བཤད་བྱས་ཏེ། ཀན་ལྷོའི་རྩྭ་ཐང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བར་གྱི་འགལ་ཟླ་ལ་དབྱེ་ཞིབ་བྱས།
    སྐྱེ་ཁམས་ཕྱུགས་ལས་ཀྱི་ཆེད་དོན་འཆད་ཁྲིད་སྤེལ་བ་ནི་གཏིང་ཟབ་སྒོས་ཐོན་ལས་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་བ་ཞིག་ཡིན་ཏེ། དེས་རྒྱ་ཆེ་བའི་ཞིང་འབྲོག་ལས་བྱེད་པར་སྐྱེ་ཁམས་ཕྱུགས་ལས་ལ་ངོས་ཟིན་གསར་བ་ཞིག་ཐོབ་ཏུ་བཅུག་ལ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་འགོ་ལེགས་པོ་ཞིག་བཙུགས་པ་རེད།།