本版导航 各版导航 视觉导航 标题导航 以往报纸

ལི་ཁེ་ཆང་གིས་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་འགོད་ པར་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་བ།

藏文报 新闻    时间:2018年05月16日    来源:藏文报

    ཟླ 5 བའི་ཚེས 10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུང་ཅིན་གྱི་ཁོངས་བཞུགས་སའི་མགྲོན་ཁང་ནས་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་འགོད་པར་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་མི་སྣ་དང་ཁོ་ཚོའི་ཁྱིམ་མི་ལ་མཇལ་འཕྲད་གནང་།
    ལི་ཁེ་ཆང་གིས་བསྟན་དོན། ལོ་བཞི་བཅུའི་སྔོན་ལ། རྒྱལ་ཁབ་ཀྱི་རྒན་རབས་འགོ་ཁྲིད་པས་མཁྱེད་དཔྱོད་ཡངས་པོས་འཐབ་ཇུས་ཀྱི་བརྡར་གཅོད་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས། བཅའ་ཁྲིམས་ཀྱི་རྣམ་པས་ཀྲུང་གོ་དང་འཇར་པན་གྱི་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྩ་དོན་རེ་རེ་གཏན་ཁེལ་བྱས་པ་མ་ཟད། དེ་ངེས་པར་དུ་བརྩི་སྲུང་ནན་མོ་བྱ་དགོས་པའི་བཅའ་ཁྲིམས་ཀྱི་འདོད་བློར་འཕར་བར་བྱས་ཏེ། ཀྲུང་གོ་དང་འཇར་པན་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཞི་བདེ་མཉམ་གནས་ཡོང་བའི་ཁ་ཕྱོགས་ཆེན་པོ་གཏན་འབེབས་བྱས། ལོ་ངོ་བཞི་བཅུའི་རྗེས་ཀྱི་དེ་རིང་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆིངས་ཡིག་ཁྲིད་སྟོན་དུ་བཟུང་ནས། ཆོད་སེམས་སྔར་ལས་བརྟན་པོ་དང་འབད་བརྩོན་སྔར་ལས་ཆེན་པོས་ཡིད་ཆེས་ཆེར་བསྐྱེད་དང་ལྟ་བ་གཅིག་སྡུད་བྱས་ཏེ། འགལ་བ་དང་རྩོད་གཞི་འོས་འཚམ་གྱིས་ཐག་བཅད་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་དུ་བསྒྱུར་བར་གྲུབ་འབྲས་གསར་པ་ལེན་དགོས།
    ལི་ཁེ་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་གོང་འཕེལ་དུ་སོང་བའི་ལོ་རྒྱུས་བརྒྱུད་རིམ་གྱིས་ཀྲུང་གོ་དང་འཇར་པན་གྱི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་སོགས་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་དགོངས་དོན་བརྩི་སྲུང་བྱས་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ད་གཟོད་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང་། དེ་ལས་ལྡོག་ཚེ་བར་ཆད་འབྱུང་བ་ཉམས་རྒུད་དུ་འགྲོ་སྲིད་པ་བདེན་དཔང་བྱས་ཡོད་པས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཐོབ་དཀའ་བའི་ལེགས་བཅོས་ཀྱི་གནས་བབ་ལ་གཅེས་སྤྲས་བྱས་ཏེ། ཆིངས་ཡིག་གི་དགོངས་དོན་དར་སྤེལ་ཆེན་པོ་བྱས་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བར་གོང་འཕེལ་གསར་བ་འབྱུང་བར་བྱ་དགོས། ཁྱེད་ཚོས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་གོང་འཕེལ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།།
    (《མཚོ་སྔོན་བོད་ཡིག་གསར་འགྱུར》ལས།)