本版导航 各版导航 视觉导航 标题导航 以往报纸

图片23

藏文报 新闻    时间:2018年05月16日    来源:藏文报


   རྣམ་གླིང་རྫོང་ཨེ་མ་ཤང་སླེའུ་ཀོག་གྲོང་ཚོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་གྲས་ཤིག་རེད། 2014ལོ་ནས་བཟུང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི 950བཏང་སྟེ། ལས་གཞིའི་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་ལེན་བསྟར་ནས་བོད་ལུགས་གྲོང་མིའི་སྡོད་ཁང 22བསྐྲུན་པ་དེས་རྒྱ་ཁྱོན་མུའུ 35བཟུང་བ་དང་། གྲོང་གསེབ་ཨུ་ཡོན་ལྷན་ཁང་དང་། བུ་བཅོལ་ཁང་། ཚད་ལྡན་འཕྲོད་བསྟེན་ཁང་བཅས་བསྐྲུན། གྲོང་ཚོར་གཞུང་ལམ་སྨི 5000ཙམ་དང་སྨི་ངོས་གྲུ་བཞི་མ་ 3000ཟིན་པའི་བྱེད་སྒོའི་ཐང་ཆེན་བསྐྲུན། རྩྭ་རྩི་ཤིང་སྨི་ངོས་གྲུ་བཞི་མ་ 6000བཏབ། ཆུ་རྐ་དང་ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་བཅས་ལས་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དེ་གཞིས་རྩེ་གྲོང་ཁྱེར་ཙམ་མ་ཟད་ཐ་ན་ལྗོངས་ཡོངས་ཀྱི་གནས་སྤོས་དབུལ་སྐྱོར་གྱི་དཔེ་སྟོན་ས་ཚིགས་ཤིག་ཏུ་གྱུར་ཡོད་ཅིང་། པར་འདི་ནི་ཉེ་ཆར་གྲོང་ཚོ་དེའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགའ་སྤྲོའི་ངང་སློབ་ཚན་ཉན་པའི་གནས་ཚུལ་ཡིན།།