本版导航 各版导航 视觉导航 标题导航 以往报纸

གསར་འགྱུར་མདོར་བསྡུས།

藏文报 新闻    时间:2018年05月16日    来源:藏文报

    ༄༅།། ཟླ 5བའི་ཚེས 8ཉིན་ལ། སི་ཁྲོན་ཞིང་ཆེན་རྐ་ཁོག་རྫོང་ནང་ཁོངས་སུ་སྤུས་ལེགས་པའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི 1120ཡོད་ཅིང་། དེས་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ནོར་གནག་གསོ་སྐྱོང་བྱེད་བཞིན་ཡོད་པས། “ཀྲུང་གོའི་ནོར་གནག་གི་ཕ་ས”ཞེས་པའི་མཚན་སྙན་ཡོད་པ་རེད། ཉེ་བའི་ལོའི་འགའི་རིང་དུ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མཛུབ་སྟོན་འོག རྐ་ཁོག་རྫོང་གིས་ནོར་གནག་གི་འོ་ཕྱེ། ཞོ བོད་ལུགས་ཀྱི་ས་གདན་སོགས་ཐུན་མོང་མ་ཡིན་པའི་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ནོར་གནག་གི་ཐོན་རྫས་ཁག་ཅིག་གསར་གཏོད་བྱས། དེང་རབས་ཀྱི་རྩྭ་ཐང་གི་ཕྱུགས་ལས་ཚོད་ལྟའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་པ་བརྒྱུད། རྐ་ཁོག་ཏུ་གཞི་རྩའི་ཐོག་ནས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་བཏོན་པའི“རྩྭ་ཐང་སྔོ་སྒྱུར་དང་ཕྱུགས་ལས་འཕེལ་རྒྱས”ཀྱི་དམིཊ་ཡུལ་ལ་མངོན་འགྱུར་བྱས།།
   ༄༅།། ཉེ་བའི་ལོ་འགར། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ་འབྲི་ཆུའི་སྟོད་རྒྱུད་དུ་གནས་པའི་ཡུན་ནན་ཞིང་ཆེན་གྱིས་ལྗང་མདོག་སྲུང་ཡོལ་བསྐྲུན་རྒྱུར་ཤུགས་བསྣན་ནས་ས་ཆུ་གསོ་འཁྱོངས་ལས་གཞི་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། བྱེ་རྡོ་ཅན་བཅོས་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐབས་ལམ་མང་བོ་མཉམ་སྤྱོད་ཀྱིས“འབྲི་ཆུ་ཤང་ཤང་དུ་རྒྱུག”པ་འགན་ལེན་བྱས་ཤིང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཡུན་ནན་ས་ཁོངས་ནང་བདེ་ཆེན་དང་། ས་དམ། ཏ་ལི། ཁྲུའུ་ཞུང་། ཁུན་མིང་། ཆུས་ཅིང་། ཀྲའོ་ཐུང་སོགས་ཁུལ་དང་གྲོང་ཁྱེར་ཡོད་པ་དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི 10.95ལ་བསླེབས།།
   ༄༅།། ཉིན་ཤས་གོངརྒྱལ་ཁབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཇུས་གཞིའིའབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ། བོད་ལྗོངས་སྲིད་གཞུང་གིས་གྲོང་ཁྱེར(ས་ཁུལ)ཁག་སྒྲིག་འཛུགས་བྱས་ཏེ་ས་ངོས་ཆུ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་འགུལ་སྤེལ་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ཤུགས་ཆེན་བྱས།
    བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དང་ཆུ་བེད་ཐིང་གིས་ལྟ་བཤེར་ཚོགས་ཆུང་འབྲེལ་ཡོད་གྲོང་ཁྱེར(ས་ཁུལ)དུ་མངགས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་ལྟ་སྐུལ་དང་གྲོང་ཁྱེར(ས་ཁུལ)གྱིས་བཅོས་སྒྲིག་ཇུས་གཞི་ལྟར་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གནད་དོན་གཙང་སེལ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་བྱས་ཏེ་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱས་པ་དང་ཐབས་ལམ་ནུས་ལྡན་སྤྱད་དེ་རང་རྒྱལ་གྱིས་གཏན་འབེབས་བྱས་པའི་དུས་བཀག་ནང་ས་ངོས་ཆུ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་ལས་འགན་ལེགས་འགྲུབ་ཡོང་བ་འགན་ལེན་བྱས་ཡོད།།