本版导航 各版导航 视觉导航 标题导航 以往报纸

图片25

藏文报 新闻    时间:2018年05月16日    来源:藏文报


   ལྔ་གཅིག”དུས་ཆེན་རྗེས་ཀྱི་གཟའ་འཁོར་དང་པོར། ལོ 20ལོན་པའི་མཚོ་སྔོན་མགོ་ལོག་བུ་མོ་ལྷ་དགེ་སྒྲོལ་མ་ལ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གཟུགས་པོ་བརྟག་དཔྱད་ཀྱི་བརྡ་ཐོ་འབྱོར་བ་རེད། ཁོ་མོ་དང་དོན་དགེ། བདེ་ཆེན་སྒྲོལ་མ། ཚེ་རིང་སྐྱིད་མཉམ་དུ་གནམ་གྲུའི་ནང་གི་ཞབས་ཞུ་མར་འགྱུར་བའི་བླང་བྱ་ཡོད་པ་རེད། 2015ལོར། གནད་འཁེལ་དབུལ་སྐྱོར་གྱི“ཧྲང་ཧའེ--མགོ་ལོག་ལག་རྩལ་སློབ་གསོ་མཉམ་འབྲེལ”དབུ་བརྙེས་པ་དང་། མགོ་ལོག་གི་བུ་མོ 19ཐེངས་དང་བོར་ཕ་ཡུལ་ནས་ཐོན་ཏེ། ལེ་བར་སྟོང་གི་ཕ་རོལ་ཏེ་ཧྲང་ཧའེ་ཕུའུ་ཏུང་ཕྱི་དོན་སློབ་གྲྭར་སློབ་གཉེར་དང་འཚོ་བ་རོལ་བ་རེད། ད་ལྟར། བུ་མོ 4ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་བོད་ཀྱི་གནམ་གྲུ་ཞབས་ཞུ་མར་འགྱུར་ངེས་ཡོད་པ་རེད།།(མི་དམངས་དྲ་བའི་འཕྲིན།)