ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་
གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།
藏文报
作者:
新闻 时间:2019年01月19日 来源:藏文报
ཟླ 1པའི་ཚེས 16ཉིན་གྱི་ཕྱི་དྲོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་འདུར་ཞུགས་འོས་པའི་འཐུས་མི 254ཅིང་། དངོས་སུ་ཞུགས་པའི་འཐུས་མི 222ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚེ་རིང་དོན་གྲུབ་ཀྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་བསྡོམས་པས་མི 33ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་སུང་ཅན། དབྱང་ཝུའུ། དབྱང་ཞུང་། དབྱང་སྒྲོལ་མ། ཞི་ཆང་། ཧའོ་ཅུའེ་རྨིན། དབྱང་ཅུན། ཚེ་རིང་དོན་གྲུབ། ཝང་ཞུའེ་ཝུན། ཝང་ལིན་ཞི། མེང་ཡན་ལིན། ལི་ཞའོ་དབྱི། ངག་དབང་བཅས་ཡིན།
ཀྲུའུ་ཞིའི་སྟེགས་བུར་ཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་བཅས་ཡོད།
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀན་ལྷོར་སྡོད་པའི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་འཐུས་མི་དང་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་པའི་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་གྱི་ཀན་ལྷོར་སྡོད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ་དང་། གྲོང་ཁྱེར་དང་རྫོང་སོ་སོའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མི་དམངས་ཁྲིམས་ཁང་གི་འགོ་གཙོ། མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་གཙོས་གྲོང་ཁྱེར་གྱི་བཟོ་བ་དང་བུད་མེད། གུང་གཞོན་ཚོགས་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་དང་། གཙོས་གྲོང་ཁྱེར་གྱི་སྲང་ལམ་དང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་འཐུས་ཚབ་བཅས་གདན་དྲངས་ཏེ་གྲོས་ཚོགས་ལ་ཉན་དུ་བཅུག
ཚོགས་ཆེན་གྱིས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་ཕུལ་བའི《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུ》དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་རུའེ་ཕིན་གྱིས《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པའི་སྐོར་གྱི་སྲོལ་ཡིག(འཆར་ཟིན)》གྱི་གསལ་བཤད་དང《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་དོ་དམ་སྐོར་གྱི་སྲོལ་ཡིག(འཆར་ཟིན)》གསལ་བཤད་ལ་ཉན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ (པར་ངོས 2པར་གཟིགས།)