ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་
གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་
མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད།
(2019ལོའི་ཟླ 1ཚེས 18ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་
འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།)
藏文报
作者:
新闻 时间:2019年01月19日 来源:藏文报
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཨན་ཅིན་ལུང་གིས་ཕུལ་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་ཤིང་། ཚོགས་འདུའི་ཐོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི 2018ལོའི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། 2019ལོའི་བྱ་བའི་སྐོར་གྱི་གྲོས་འགོ་ལ་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད་པ་ཡིན།
གྲོས་ཚོགས་ཀྱིས་བླང་བྱ་བཏོན་པར། 2019ལོར། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང“ཤུགས་འདོན་པ་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། “འདུ་ཤེས་བཞི”དང“གདེང་ཚོད་བཞི”སེམས་ཐག་གཙང་བཅད་ཀྱིས་བརྟན་པོ་འཛུགས་པ། “སྲུང་སྐྱོང་གཉིས”དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་ལ་དམ་པོར་དམིགས་ནས་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་དང་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བརྟེན་རྒྱལ་སྐྱོང་བཅས་གཅིག་གྱུར་གང་ལེགས་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་དང་ཁུལ་ཨུའི་ཁ་ཕྱོགས་དང་གཅིག་མཐུན། ཁྲིམས་ལུགས་དང་ལམ་མཐུན། འཕེལ་རྒྱས་དང་སྟོབས་ཤུགས་གཅིག་སྒྲིལ། མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། དུས་རབས་དང་གོམ་པ་གཅིག་མཐུན་བཅས་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། ཞིང་ཆེན་དང་། ཁུལ་ཨུའི་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རྦད་དེ་སྲུང་སྐྱོབ་བྱ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་འདོན་སྤེལ་བྱེད་པ་དང་། ཞབས་ཞུ་ཞབས་འདེགས་ཀྱི་སྤྱི་ཡོངས་མཐོ་ཚད་ལ་མཆོང་སྐྱོད་གསར་བ་གཏོད་དགོས་པ་དང་། ཁྲིམས་འཛུགས་སྤུས་ཚད་ལེགས་སུ་གཏོང་བར་སྐས་རིམ་གསར་བ་སྤོ་བ། ལྟ་སྐུལ་གྱི་ཕན་འབྲས་དངོས་ལ་གོང་འཕེལ་གསར་བ་མངོན་འགྱུར་བྱེད་པ། ཚད་ལྡན་བསྐོ་འཐེན་ཐག་གཅོད་བྱེད་པའི་ཐད་ཡར་རྒྱས་གསར་བ་ཡོང་བ་དང་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པའི་ཐོག་རྣམ་པ་གསར་བ་བཏོད་པ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ། འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་ཉམས་ལྡན་གྱིས་སེམས་ཤུགས་གཅིག་སྒྲིལ་དང་། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་གཙང་སྒྲུབ་བྱེད་པ། རང་སྐྱོང་ཁུལ་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལེའུ་གསར་བར་རྩོམ་པར་ནུས་ཤུགས་ཡོད་རྒུ་འབུལ་རྒྱུ་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་ཆེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།།