གསར་འགྱུར་མདོར་བསྡུས།
藏文报
作者:
新闻 时间:2019年06月22日 来源:藏文报
༄༅།། ཟླ 6པའི་ཚེས 14ཉིན་ལ། ཁུལ་ཡོངས་ཀྱི་ཞིང་བ་ལས་མིའི་གླ་ཕོགས་གཏོང་སྤྲོད་བྱེད་པའི་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་ཚོགས་འདུ་བསང་ཆུ་རྫོང་ནས་ཚོགས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན་གྱིས་ཚོགས་འདུའི་གཙོ་འགན་ཁུར།།
༄༅།། ཟླ 6པའི་ཚེས 14ཉིན་ལ། ཐེན་ཅིན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུའི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རེན་ཝང་ཅན་གོ་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་འཕྲོད་བསྟེན་བདེ་ཐང་བྱ་བར་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས།
ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུའི་ཀྲུའུ་རེན་གཞོན་པའམ་ཞིང་ཆེན་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཞའོ་མིང་། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། དེ་མིན་ཐེན་ཅིན་གྲོང་ཁྱེར་དང་ཞིང་ཆེན། ཁུལ་འཕྲོད་བསྟེན་བདེ་ཐང་ཨུའི་འབྲེལ་ཡོད་འགན་ཁུར་བས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
༄༅།། ད་ལོ་ནས་བཟུང་གཙོས་གྲོང་ཁྱེར་སྒྲིག་ཁྲིམས་ཨུ་དང་ལྟ་ཞིབ་ཨུས“ཐད་བཤེར་མྱུར་སྒྲུབ་དང་རིམ་སྤར་སྒྲུབ་གཉེར”གྱི་རྩ་དོན་ལ་གཞིགས་ནས། ནག་སེལ་གཤེད་བཅོམ་གྱི་གནད་དོན་ཁུངས་སྣེ་ཐག་གཅོད་བྱེད་པའི་འགྲོས་མྱུར་རྒྱུ་ལམ་ཞིག་བསྐྲུན་ཏེ། ནག་སེལ་གཤེད་བཅོམ“སྲུང་གདུགས་དང་དྲ་བ་བསྔོག་པའི”བྱ་བ་ལེགས་པར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་བདེ་སྐྱིད་འདུ་ཤེས་དངོས་གནས་མཐོར་འདེགས་སུ་བཏང་།།
༄༅།། ཟླ 6པའི་ཚེས 17ཉིན་ལ། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུའི་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་རུལ་སུངས་དང“སྲུང་གདུགས”ཀྱི་གནད་དོན་རྩད་ཞིབ་ཐག་གཅོད་བྱས་ཤིང་། ཆེད་དོན་ཚན་ཆུང་གཞུང་སྒྲུབ་ཁང་གིས་དཔེ་མཚོན་གྱོད་དཔེ 4བརྡ་ཁྱབ་བཏང་།།
༄༅།། 2019ལོར་ཅོ་ནེ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 43འཛུགས་སྐྲུན་བྱས་པ་དང་། དེ་རོང་འབྲོག་ཁྱིམ་ཚང 2703གྱི་མི 12140ལ་འབྲེལ་བ་ཡོད། མིག་སྔའི་བར་དུ་འཛུགས་སྐྲུན་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཞིན་ཡོད།།