€2019 ཀྲུང་གོའི་བོད་ལྗོངས་འཕེལ་
རྒྱས་གླེང་སྟེགས€སུ་ཞུགས་མཁན་ཀྲུང་གོ་
དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་བོད་ལྗོངས་
སུ་རྟོག་ཞིབ་དང་འཚམས་འདྲི་བྱས་པ།
藏文报
作者:
新闻 时间:2019年06月22日 来源:藏文报
ཟླ 6པའི་ཚེས 14ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“2019ལོའི ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་ས་གྲོང་ཁྱེར་དུ་ཚོགས།
ཐེངས་འདི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’དང་བོད་ལྗོངས་ཀྱི་སྒོ་དབྱེ་འཕེལ་རྒྱས”ཞེས་པ་དེ་ཡིན། གླེང་སྟེགས་འགོ་མ་ཚུགས་གོང་རྒྱལ་ཁབ་དང་ས་ཁུལ 37དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན 160ཙམ་གྱིས་བོད་ལྗོངས་ཀྱི་ས་ཆ་མང་བོར་རྟོག་ཞིབ་དང་འཚམས་འདྲིར་བསྐྱོད་ནས་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ལོ 60རིང་ལ་ཐོབ་པའི་འཕེལ་རྒྱས་དང་ཡར་ཐོན་མྱོང་རོལ་བྱས་ཡོད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོར་བོད་ཤོག་བཟོ་རྩལ་རྒྱུན་འཛིན་དང་གནད་ཁེལ་དབུལ་ཐར་བྱ་བའི་སྐོར་ཤེས་རྟོགས་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་བྱེད་པར་ལྟ་བ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་བཀྲ་ཤིས་སྒང་གྲོང་ཚོར་གསར་འབྱེད་པའི་ལས་ཁུལ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ལ་ལྟ་སྐོར་བྱས་པ་དང་། བྲག་ཕྱི་གྲོང་ཚོར་རོང་འབྲོག་པ་དང་སྤེལ་རེས་བྱས་ནས་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་སྐོར་ཤེས་རྟོགས་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱི་འགྲུལ་བཞུད་མཇུག་འགྲིལ་རྗེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ལྷ་ས་གྲོང་ཁྱེར་དུ་མུ་མཐུད་རྟོག་ཞིབ་དང་འཚམས་འདྲི་བྱེད་པར་བསྐྱོད་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་དང་བོད་ལྗོངས་སྨན་རྩིས་ཁང་། ལྷ་སའི་ནག་ཆུ་མཐོ་འབྲིང་གཉིས་པ་བཅས་སུ་བསྐྱོད་དེ་རྒན་གསོ་དང་བོད་ལུགས་གསོ་རིག་དང་བོད་སྨན། དེང་རབས་སློབ་གསོ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ཁོང་ཚོས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ 60རིང་ལ་བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་སྐོར་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཡོད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ད་དུང་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། བར་སྐོར་ཚོང་གཞུང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་བཅས་ལ་ལྟ་སྐོར་བྱས་པ་དང་། མ་ཟདའུན་ཤིང་ཀོང་ཇོའིདངོས་ལྗོངས་ཟློས་གར་ཆེ་གྲས་ལ་བལྟས་ཏེ་བོད་ཀྱི་རིག་དངོས་སྲུང་སྐྱོང་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མྱོང་རོལ་བྱས་ཡོད།
དཀར་གཙང་གི་ཁ་བཏགས་དང་སྤྲོ་སྣང་ལྡན་པའི་མི་རིགས་གླུ་གར། བྲོ་བ་ཞིམ་པའི་བོད་ཇ་སོགས་ཀྱིས་རྟོག་ཞིབ་དང་འཚམས་འདྲི་བྱེད་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ས་ཆ་གང་དུ་སླེབས་ཀྱང་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཡུལ་དངོས་སུ་བཅར་འདྲིར་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་དང་ངོ་ཐུག་སྤེལ་རེས་བྱས་པ་བརྒྱུད། རང་ངོ་མས་ཇི་མ་ཇི་བཞིན་གྱི་བོད་ལྗོངས་ཤིག་མཐོང་བ་དང་། བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ 60རིང་ལ་ཐོབ་པའི་འཕེལ་རྒྱས་དང་ཡར་རྒྱས་ལ་དེ་བས་གཏིང་ཟབ་པའི་ངོས་འཛིན་བྱུང་བས། ཁོང་ཚོས་གླེང་སྟེགས་ཐོག་ཐབས་ཇུས་ཧུར་ཐག་བཏོན་ནས་གངས་ལྗོངས་ས་མཐོ་འདི་ཉིད་དུས་རབས་གསར་བར་མུ་མཐུད་དུ་སྒོ་མོ་འབྱེད་ཚད་རྒྱ་ཆེར་བཏང་ནས་འཕེལ་རྒྱས་དང་ཡར་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་རོགས་འདེགས་བྱ་རྒྱུ་ཡིན་ཞེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་གཅིག་རྗེས་གཉིས་མཐུད་ངང་གསལ་སྟོན་བྱས་ཡོད།།