ཞིང་ཆེན་ཡོངས་ཀྱིས་གྲོང་
ཁྱེར་དང་གྲོང་རྡལ་ཅན་
གསར་བ་དང་ཞིང་སྡེ་དར་
སྤེལ་ལ་སྐུལ་འདེད་གཏོང་
བའི་བརྙན་འཕྲིན་ཁ་པར་
གྲོས་ཚོགས་ཚོགས་པ།
藏文报
作者:
新闻 时间:2020年05月20日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 14ཉིན་ལ། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྱི་གྲོས་ཚོགས་ཚོགས།
ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ལན་ཀྲོའུ་ཡི་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས།
ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་ཝང་ཧྲང་ཞུའེ། ཝང་ཧྥང་། ལིའང་ཝེ་ཅི། དབྱང་ཀྲེན་ལིན། དེ་མིན་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་བཅས་ཀྱིས་ཀན་ལྷོའི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཉན་ཞིང་བལྟས།
གྲོས་ཚོགས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བར་སྐུལ་འདེད་གཏོང་བ་དང་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་དགོས་ལ། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ནས་གཞི་ཚུགས་པ། “ཕན་ཚུན་སྐུལ་འདེད་མཉམ་འཚོ”ཡི་བླང་བྱ་གཞིར་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་ཞིང་སྡེ་དར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཤུགས་ཚད་སྔར་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྒོས་ལས་འགན་དག་དམ་འཛིན་བཟང་བོ་བྱས་ཏེ་ས་ཁོངས་དང་གྲོང་ཁྱེར། ཞིང་སྡེ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཧུར་ཐག་སྒོས་རང་རེའི་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་ཞིང་སྡེ་དར་སྤེལ་གྱི་རྣམ་པ་གསར་བ་གཏོད་དགོས། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། བསམ་གཞིགས་གཏིང་ཟབ་དང་མ་ལག་ཇུས་འགོད། གོམ་སྟབས་བརྟན་པོས་ལག་བསྟར་བྱས་ནས་རང་རེའི་ཞིང་ཆེན་གྱི་གྲོང་ཁྱེར་དང་ཞིང་སྡེ་ལ་འགྱུར་ལྡོག་གསར་བ་བྱུང་ནས་རྣམ་པ་གསར་བ་མངོན་པར་འབད་དགོས་ཞེས་བསྟན།
གྲོས་ཚོགས་ཀྱིས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་ཞིང་སྡེ་དར་སྤེལ་བཏང་བར་སྐུལ་འདེད་གཏོང་བ། ཕན་ཚུན་གཞོགས་འདེགས་དང་མཉམ་འབྲེལ་འཕེལ་རྒྱས། ཕན་ཚུན་སྐུལ་འདེད་མཉམ་འཚོ་བཅས་བྱས་ནས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་སུ་འཁོར་རྒྱུག་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཁྲོད་དུ་གནས་པའི་སློབ་གསོའི“ཚད་བརྒལ་བའི་འཛིན་གྲྭ”དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་མ་ལག་ཆ་ཚང་སྒྲིག་པ་མི་འདང་བ། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཆད་ལུས་ཁ་གསབ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་ཀྱི་སྒྲིག་ལམ་དང་འགལ་བའི་བཟོ་བཀོད་མང་བོ། ཐོག་བརྩེགས་མཐོ་བའི་བཟོ་སྐྲུན་གྱི་མེ་ཟོན། གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྐྱོང་། ཐུན་མོང་གི“མ་རྩ་གསུམ”གང་འགབ་ཅི་སྤྱོད་སོགས་ཐད་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ནང་སྙིང་དང་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།།