ཅོ་ནེ་རྫོང་གིས་ཤང་གྲོང་སོ་སོར་བཤང་བཙོག་གཙང་འདྲེན་རླངས་འཁོར་འགྲེམ་གཏོང་བྱས་པ།
藏文报
作者:
新闻 时间:2020年05月20日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཅོ་ནེ་རྫོང་གིས་མ་རུ་གྲོང་རྡལ་དུ་ཞིང་སྡེའི“གསང་སྤྱོད་གསར་བརྗེ”སྡེ་བ་ཧྲིལ་བོར་བཤང་བཙོག་གཙང་སེལ་ཐག་གཅོད་བྱེད་པའི་རླངས་འཁོར་སྤྲོད་པའི་མཛད་སྒོ་སྤེལ། ལིའུ་ལིན་གྲོང་རྡལ་དང་། མ་རུ་གྲོང་རྡལ། བྲག་ཁུང་ལུང་གྲོང་རྡལ་སོགས་ཤང་གྲོང 14ཡི་སྡེ་བ་ཧྲིལ་བོར་སྐུལ་འདེད་གཏོང་བའི་སྡེ་བ 46ལ་སྦགས་བཙོག་གཙང་སེལ་གྱི་རླངས་འཁོར 49སྤྲད།
འགྲེམ་གཏོང་གི་ཡུལ་དངོས་སུ། རྫོང་ཞིང་ལས་ཞིང་སྡེ་ཅུས་ཀྱིས་བཤང་བཙོག་གཙང་སེལ་རླངས་འཁོར་བཀོལ་སྤྱོད་དང་། བདག་སྐྱོང་། སྲུང་སྐྱོང་སོགས་ཐད་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་དབོར་འདྲེན་བྱ་བ་བཀོད་སྒྲིག་ཞིབ་ཕྲ་བྱས། དེ་དང་ཆབས་ཅིག་ཏུ་ཤང་གྲོང་ཁག་གིས་གད་སྙིགས་གཙང་བཟོའི་ཡོ་བྱད་དག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། གསང་སྤྱོད་སྒྱུར་བཀོད་ཁྱིམ་ཚང་ཚང་མ་གཙང་བཤེར་མ་ལག་ནང་བཅུག་ཡོད་པ་དང་། གསང་སྤྱོད་སྒྱུར་བཀོད་ཀྱི་རྗེས་མཐུད་དོ་དམ་སྲུང་སྐྱོང་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།
རོང་འབྲོག་སྡེ་བའི་གསང་སྤྱོད་སྒྱུར་བཀོད་བྱ་བ་སྤེལ་འགོ་ཚུགས་པ་ནས་བཟུང་། ཅོ་ནེ་རྫོང་གིས་ཞིང་སྤྱོད་གསང་སྤྱོད་སྒྱུར་བཀོད་ཤུགས་ཆེན་བྱས་ནས་རྗེས་མཐུད་དོ་དམ་སྲུང་སྐྱོང་བྱ་བ་དམ་འཛིན་ནན་པོ་བྱས་ཤིང་། “ཆེད་བསྐོས་མི་སྣས་དོ་དམ་དང་། མྱུར་དུ་ཉམས་གསོ། དུས་ཐོག་ཏུ་འཐེན་ལེན། ཚན་རིག་དང་མཐུན་པའི་བེད་སྤྱོད”བཅས་ཀྱི་ལས་ཀའི་དམིགས་ཚད་གཞིར་བཟུང་ནས་ཉམས་གསོའི་ཞབས་ཞུ་དང་། གཙང་བཤེར་དབོར་འདྲེན། གཙང་བཤེར་བཀོལ་སྤྱོད་བཅས་ཀྱི་མ་ལག་གསུམ་བཙུགས་ནས། “དོ་དམ་དང་། བསྡུ་ལེན། བཀོལ་སྤྱོད་བཅས་གལ་ཆེ་མཉམ་འཛིན་དང་། འགན་འཁྲི་དང་། དབང་ཆ། ཁེ་ཕན་གཅིག་མཐུན”གྱི་ཡུན་རིང་གི་ནང་རྐྱེན་དོ་དམ་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་།།