གསར་འགྱུར་མདོར་བསྡུས།
藏文报
作者:
新闻 时间:2020年05月20日 来源:藏文报
ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའུ་ཡིས་སྤྱི་འདོམས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། སྤུས་ལེགས་ལས་གྲྭ་འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ་ས་གནས་དེ་གའི་དབུལ་སྐྱོར་མཁྲེགས་གཏོར་གྱི་མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས། ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་ལས་ཆ་འཕྲིན་སྟེགས་བུ་འབྲེལ་ཐག་ཏུ་བྱས་ནས། རྣམ་གྲངས་ཀྱི“དབུལ་སྐྱོར་འཁོར་ཁང”ལ་བརྟེན་པ་དང་ངལ་ནུས་རྩལ་ནུས་གསོ་སྦྱོང་དམ་འཛིན་བྱ་གཞིར་བྱས་ནས“13935”དབུལ་སྐྱོར་བྱེད་ཐབས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འགྲིམ་འགྲུལ་སྔོན་སྐྱོད་ཀྱི་ནུས་པ་འདོན་སྤེལ་བྱས།།
ཉིན་བསྟུད་མར་གྱི་རིང་། རྨ་ཆུ་རྫོང་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་དྲ་མིག་སྤེལ་རེས་དང་། ལས་སྟེགས་མཉམ་སྤྱོད། སློབ་གསོ་མཉམ་འགུལ་བཅས་བྱ་ཐབས་གསུམ་ལ་བརྟེན་ནས་སྡེ་ཁུལ་ཞི་མཐུན་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ་དང་། སྡེ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་བཙན་རྫོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།།
ཐེ་བོ་རྫོང་གིས“དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”ཀྱི་གཙོ་གནད་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ནས། གཞི་རིམ་གྱི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཀྱི“ཞན་ས”དང“མི་འདང་ས”ལ་དམིགས་ཏེ་གནད་ལ་ཁེལ་བའི་སྒོ་ནས་བརྟག་དཔྱད་བྱས་ཤིང་། གཞི་རིམ་གྱི་ནུས་མེད་ཟབ་ཟོབ་ཀྱི་བྱ་བ་བཅོས་སྒྲིག་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་།།