གཞན་བརྟེན་སྲིན་འབུའི་ནད་ཇི་ལྟར་སྔོན་འགོག་བྱ་དགོས།
藏文报
作者:
新闻 时间:2020年05月20日 来源:藏文报
རང་བྱུང་ཁམས་སུ་གཞན་བརྟེན་སྲིན་འབུ་རྒྱ་ཁྱབ་ཏུ་གནས་ཡོད་པས། གཞན་བརྟེན་སྲིན་འབུ་མང་ཆེ་བ་མི་རྣམས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ལས་རྩ་མེད་བཟོ་མི་ཐུབ། ལག་ལེན་ཁྲོད་དུ་གཞན་བརྟེན་སྲིན་འབུའི་རང་བྱུང་གཞན་བརྟེན་རང་བཞིན་དང་། འགོས་སྟངས། མཆེད་ལམ་དང་སྲོག་ཆགས་གསོ་སྟངས་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཕྱོགས་བསྡུས་འགོག་བཅོས་བྱ་ཐབས་ལག་བསྟར་བྱ་དགོས། དཔེར་ན་གསོ་ཚགས་ཀྱི་གཙང་སྦྲ་དང་། མཚེར་ས་རེས་སྤོར། དུས་བཅད་ལྟར་འབུ་གསོད་པ་བཅས་བྱ་དགོས།
བཞི། སྲོག་ཆགས་ཀྱི་འབུ་འདེད་པའི་གོ་སྐབས་ཇི་ལྟར་འདེམ་དགོས། མཚེར་ས་རེས་སྤོར་གྱིས་གཞན་བརྟེན་སྲིན་འབུའི་ནད་སྔོན་འགོག་བྱ་ཐུབ་བམ།
ནད་འགོས་ཉེན་ཡོད་པའི་ཕྱུགས་ཁྱུ་ལ་སྔོན་འགོག་རང་བཞིན་གྱི་འབུ་འདེད་བྱ་ཐབས་སྤྱོད་པ་ནི་གཞན་བརྟེན་སྲིན་འབུའི་ནད་མཆེད་པ་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། ལོ་མང་རིང་གི་སྒོ་ཕྱུགས་ཀྱི་གཞན་བརྟེན་སྲིན་འབུའི་དུས་ཚིགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་དང་ཚོད་ལྟའི་འབུ་འདེད་གནས་ཚུལ་ལ་བལྟས་ན། ཟླ 11པའི་ནང་མཆིན་ལྷེབ་འཇིབ་འབུ་གསོད་པ་དང་། ཟླ 1པ་ནས 2བར་ནོར་ལུག་གི་ཕོ་བ་དང་རྒྱུ་མའི་སྐུད་འབུ་བསད་ན་ཕན་འབྲས་ཆེས་བཟང་བ་ཡིན། ཡང་ན་དགུན་མཚེར་དུ་མ་སྤོར་གོང་དང་དགུན་མཚེར་ནས་སྤོར་རྩིས་བྱེད་དུས་འབུ་དེད་ན་ལེགས།
མཆེས་ས་རེས་སྤོར་བྱེད་པ་ནི་འབྲོག་ཁུལ་གྱི་རྩྭ་སའི་འབུ་འདེད་པའི་བྱ་ཐབས་བཟང་བོ་ཞིག་ཡིན། མཚེར་ས་མ་སྤོས་གོང་གི་ཉིན་བཅུའི་ནང་དུ་འབུ་འདེད་དགོས། དེའི་སྐབས་སུ་ཕྱུགས་ཁྱུ་ཅུང་གཅིག་བསྡུས་ཡིན་ལ་འགྲོ་སྐྱོད་ཀྱི་ཁྱབ་ཁོངས་ཅུང་ཆུང་བ་མ་ཟད། ཆུ་མགོ་དང་རྒྱང་ཐག་རིང་ཙམ་ཡོད་པས་འབུ་དེད་ན་ནུས་པ་ཐོན་ཐུབ།
འབུ་འདེད་པའི་སྐབས་ཀྱི་ལྕི་བ་དང་རིལ་མ་སོགས་བཤང་གཅིའི་རིགས་ཉིན་རེར་གཙང་ཕྱགས་གཅིག་བསྡུས་བྱས་ཏེ། མཐར་རུལ་དུ་འཇུག་པའམ་མེར་བསྲེག་དགོས། དེ་ལྟར་བྱས་ན་འབུ་སྒོང་དང་འབུ་ཕྲུག་སོགས་མེད་པར་བཟོ་ཐུབ།།