本版导航 各版导航 视觉导航 标题导航 以往报纸

གཞན་བརྟེན་སྲིན་ འབུའི་ནད་ཇི་ ལྟར་སྨན་བཅོས་ བྱ་དགོས།

藏文报 新闻    时间:2020年05月20日    来源:藏文报

    གཞན་བརྟེན་སྲིན་འབུའི་ནད་ཡོད་པའི་སྲོག་ཆགས་ལ་སྨན་བཅོས་བྱ་ཐབས་གཅིག་ནི་འབུ་འདེད་པ་དང་འབུ་གསོད་པ་ཡིན། དེ་ནི་གཞན་བརྟེན་སྲིན་འབུའི་ནད་སྨན་བཅོས་བྱེད་པའི་རྩ་བའི་བྱ་ཐབས་ཡིན། བྱ་ཐབས་གཉིས་པ་ནི་ནད་ལ་དམིགས་ཏེ་སྨན་བཅོས་བྱ་རྒྱུ་དེ་ཡིན་ལ། སྲོག་ཆགས་ཀྱི་ཤ་ཤེད་གནས་ཚུལ་ལ་གཞིགས་ཏེ་རམ་འདེགས་གསོ་བཅོས་བྱེད་པ་ཡིན། ཤ་ཤེད་ཞན་པའི་སྲོག་ཆགས་ལ་གཤེར་གསབ་དང་སེམས་ཤུགས་ཆེ་རུ་གཏོང་བ་དང་། ལུས་ཁམས་ལེགས་སྒྲིག་བཅས་བྱ་དགོས། 10%ཅན་དང 25%ཅན། 50%ཅན་གྱི་རྒུན་འབྲུམ་ཧྭགས་དང་གཡས་འཁྱིལ་ཐང་ཀན། སྐྱེ་ལུགས་ཚྭ་ཆུ་དང་འཚོ་རྒྱུ་སོགས་ཀྱི་ཁབ་རྒྱག་དགོས།།