本版导航 各版导航 视觉导航 标题导航 以往报纸

ཁྱེད་ཡལ་ཚེ་ང་ནི་གཤིན་པོ་ཞིག

རྨི་ལམ་བདག་མོ། [སི་ཁྲོན]

藏文报 新闻    时间:2020年05月20日    来源:藏文报

    ཁྱེད་རང་སྤྲིན་རུམ་དུ་ཡིབས་པའི་ཉིན་དེ་དག་ལ།
ང་རང་ཟས་ལ་བྲོ་བ་བོར་ཞིང་ལུས་ལ་ངལ་བ་འཕེལ་བྱུང་།
སྟོང་འདང་གིས་བསྐྱལ་བའི་ཉིན་དེ་དག་ལ།
ཚ་གདུང་གི་གར་མ་ཞིག་ངའི་དྲན་རིག་ལ་འཁྱུད་ནས།
ཧ་ཅང་དམ་པོར་བསྡམས་ཏེ་གཏོང་ཐབས་མ་བྱུང་།
ཁྱེད་རང་མུན་ཁུང་དུ་གབ་པའི་ཉིན་ཞག་དེ་དག་ལ།
ངས་ས་ཡི་གས་སྲུབས་རེ་རེ་བཞིན་བསློགས་ཏེ།
ཁྱེད་རང་གཞི་ནས་འཚོལ་དགོས་བྱུང་ལ།
ཚོར་བའི་ཡང་སྙིང་དུ་སིམ་པའི་ཆང་ཆེམས་དེ་ནས།
ངས་ཁྱེད་རང་གདུང་བས་འབོད་ལ་དུང་བས་བསྒོམས།
ད་དུང་གཙང་བོའི་རླབས་རྒྱུན་གྱི་ཁྲོད་དུ་ཉིན་མཚན་མེད་པར།
ངས་ཁྱེད་རང་མཐོང་བར་རེ་བསྒུགས་བྱས།།