རྨ་འགྲམ་གྱི་ཞིང་ཆེན(ཆུས)དགུའི་སྲིད་གྲོས་ཀྱི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་
ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲོས་མོལ་བགྲོ་
གླེང་བྱེད་པའི་གྲོས་ཚོགས་ཐེངས་གསུམ་པ་བསང་ཆུ་རྫོང་དུ་གྲོལ་བ།
藏文报
作者:
新闻 时间:2020年09月09日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 4ཉིན་ལ། རྨ་འགྲམ་གྱི་ཞིང་ཆེན(ཆུས)དགུའི་སྲིད་གྲོས་ཀྱི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲོས་མོལ་བགྲོ་གླེང་བྱེད་པའི་གྲོས་ཚོགས་ཐེངས་གསུམ་པ་བསང་ཆུ་རྫོང་དུ་གྲོལ། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོང་ཡུའེ་ཅིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲང་ཞིན་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
ཧྲན་ཏུང་དང་ཧྲན་ཞི། ནང་སོག ཧོ་ནན། སི་ཁྲོན། ཧྲའན་ཞི། མཚོ་སྔོན། ཉིང་ཞ་སོགས་ཞིང་ཆེན(ཆུས)སྲིད་གྲོས་ཀྱི་འགོ་ཁྲིད་པ་ལིའུ་ཅུན་ཀང་དང་ཀྲང་རུའེ་ཕེང་། ཆི་ཆི་ཀོ ཀྲོའུ་ཁྲུན་ཡན། ཏུའུ་ཧོ་ཕིང་། ལི་ཏུང་ཡུས། ཏུའུ་ཅེ། ཧྥུན་ཀྲི་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད། རྨ་ཆུ་བཞུར་རྒྱུན་གྱི་ཆུ་ཁོངས་གསོ་འཁྱོངས་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྱོང་ཐད་གཏམ་བཤད་སྤེལ་རེས་བྱས།
ཧོང་ཡུའེ་ཅིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ནས་ད་བར་དུ་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོ་ཁུར་བྱས་པ་དང་། རྨ་ཆུའི་ཆུ་ཁོངས་གསོ་འཁྱོངས་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་ཚད་མཐོ་གནང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ཞིབ་འཇུག་སྔར་ལས་ལྷག་པ་བྱས་ནས། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཙོ་གནད་དུ་འཛིན་པ་དང་། བཅོས་སྐྱོང་བྱ་དགོས”པའི་གཞི་རྩའི་རྩ་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་ཇུས་འདོན་སྲིད་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོས་མོལ་རོགས་ལས་རྐྱེན་སྲོལ་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མཉམ་འབྲེལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཐབས་ཇུས་བཟང་པོ་མཉམ་འདོན་གྱིས “མ་ཡུམ་ཆུ་བོ་སྲུང་སྐྱོང་བྱས་ནས་བདེ་སྐྱིད་ཆུ་བོ་བསྐྲུན་པའི”ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་བ་དང་།“ སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་དང་། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི”བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱས་ནས་ཕན་འབྲས་དེ་བས་ཆེ་བ་འཐོབ་པ་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཞུགས་མི་སྣས་སྔ་གཞུག་ཏུ་བསང་ཆུ་རྫོང་དུ་བསང་ཁོག་བརླན་ས་དང་། ཁྱུང་རྩེ་ཐང་གི་ཆུ་ཁོངས་གསོ་འཁྱོངས་དང་བརླན་ས་སྲུང་སྐྱོང་། ཕྱུགས་བསྐྱུར་རྩྭ་འདེབས་སོགས་ཀྱི་གནས་ཚུལ་དང་། དེ་མིན་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།།