རང་ཁུལ་གྱིས་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི 2020ལོའི་གྲོས་ཚོགས་
ཐེངས་གསུམ་པ་དང་ཞིང་ཆེན་གྱི་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་
གཟིགས་ཀྱི་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་
གི་གྲོས་ཚོགས་ཐེངས་བཅུ་བའི་བརྙན་བརྡའི་གྲོས་ཚོགས་ལ་བལྟས་ཤིང་ཉན་པ།
藏文报
作者:
新闻 时间:2020年09月09日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི 2020ལོའི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་གྱི་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་གཟིགས་ཀྱི་ཕྱིར་ལྡོག་བསམ་འཆར་བཅོས་སྒྲིག་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་བའི་བརྙན་བརྡའི་གྲོས་ཚོགས་ལན་ཀྲོའུ་རུ་ཚོགས།
ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་དབྱང་ཅུན། ཝང་ཧྲང་ཞུའེ། ལུའི་ཀྲེ་ཅུན། ཧྥུན་ཞའོ་ལིན། དབྱང་ཁྲང་ཏེ། ཝང་ཅན་ཅུན། མེང་ཡན་ལིན་བཅས་ཀྱིས་ཀན་ལྷོའི་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཉན་ཞིང་བལྟས།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། དུས་རིམ་རྗེས་མའི་གཙོ་གནད་བྱ་བ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས་ད་ལོ་ཆུ་བྲུབ་པའི་དུས་ལ་སླེབས་པ་ནས་བཟུང་། རང་ཞིང་ལ་ཆུ་ལོག་དང་རི་ཉིལ་བ། འདམ་རྡོ་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐེབས་ནས། ས་ཁུལ་དབུལ་བོ་འགའ་ཞིག་དུས་བཅད་ལྟར་ཕྱོགས་ཡོངས་ནས་དབུལ་ཐར་ཐུབ་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས། རིམ་པ་སོ་སོ་དང་ཕྱོགས་སོ་སོས་བྲུབ་འགོག་གེགས་སེལ་བྱ་རྒྱུ་དེ་མིག་སྔའི་བྱ་བ་གལ་ཆེན་དུ་བརྩིས་ནས། སྲིད་ཇུས་འདོན་པ་དང་མ་དངུལ་གྲབས་གསོག རོགས་སྐྱོར་བྱ་རྒྱུ་དམ་འཛིན་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱེད་ཤུགས་ཇེ་ཆེར་བཏང་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་རིམ་གང་མགྱོགས་ཀྱིས་སླར་གསོ་བྱེད་པ་དང་། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་བཀོད་ཉམས་གསོ་བྱ་རྒྱུ་དམ་འཛིན་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་ཐག་བཅད་དེ་དབུལ་བོ་བསྐྱར་ལོག་དང་དབུལ་བོ་ཆགས་རྒྱུར་སྔོན་འགོག་གང་ཐུབ་བྱ་དགོས། གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བ་སྔ་མོ་ནས་རྩ་འཛུགས་བྱེད་པ་དང་། མིག་སྔའི་གེགས་སེལ་དང་དེང་ཕྱིན་གྱི་དུས་ཡུན་འབྲིང་རིང་གི་འཆར་འགོད་ལས་གཞི་གཅིག་གྱུར་འཆར་འགོད་བྱས་ཏེ་ས་ཁུལ་དབུལ་བོའི་ཞན་ཆ་གང་མགྱོགས་ངང་གསབ་རྒྱུར་སྐུལ་འདེད་གཏོང་བ་དང་། གཏན་འཇགས་སྒོས་དབུལ་ཐར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།།