ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ ངོ 75 འགོར་བར་རྗེས་དྲན་བྱེད་པར་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་པེ་ཅིན་ནས་བསྡུས་པ། ཞི་ཅིན་ཕིང་གིས 2020 ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་ འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ་བ། རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་སྒོར་ཅོག་གྲོས་ཚོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་ནས་ཚོགས་པ། རང་རྒྱལ་གྱི་ཏོག་ནད་རིམས་འགོག་སྨན་ཁབ་དངོས་སུ་འགྲེམས་སྟོན་བྱས་པས་ཀུན་གྱི་ཡིད་དབང་འཕྲོག་པ།
本版导航 各版导航 视觉导航 标题导航 以往报纸

རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་སྒོར་ཅོག་གྲོས་ཚོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་ནས་ཚོགས་པ།

藏文报 新闻    时间:2020年09月09日    来源:藏文报

    ཟླ 9བའི་ཚེས 6ཉིན་ལ། རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་སྒོར་ཅོག་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་དང་ཀྲུང་གོའི་ཉོ་ཚོང་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཁྲིན་ཅན་ཨན། ཚོང་དོན་པུའུ་ཕྱི་ཚོང་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཝུའུ་ཀྲིན་ཕིང་བཅས་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
    དབྱང་ཧྥུན་ཁྲུན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། སྐྱེ་ཁམས་ཐོན་ལས་ནི་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡིན་ལ། མཚོ་སྔོན་མ་འོངས་པར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འདྲེན་བྱེད་གལ་ཆེན་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང། ཐན་ཉུང་། ནུས་ཁུངས་གྲོན་ཆུང་གི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་བཏང་། ང་ཚོས་ཐེངས་འདིའི་སྒོར་ཅོག་གྲོས་ཚོགས་གོ་སྐབས་སུ་བརྩིས་ནས། སྐྱེ་ཁམས་རིན་ཐང་དེ་མི་གཞུང་རིན་ཐང་དང་དཔལ་འབྱོར་རིན་ཐང་། འཚོ་བའི་རིན་ཐང་། ཚོང་རྟགས་རིན་ཐང་དུ་བསྒྱུར་དགོས། རྒྱལ་ཁབ་ཕྱི་ནང་བར་གྱི་སྐྱེ་ཁམས་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ཀྱི་འཕྲོད་ས་གསར་བ་དང་འཕེལ་རྒྱས་ཀྱི་འཕར་གནས་གསར་བ་བཙལ་ནས། མཉམ་དུ་སྐྱེ་ཁམས་ཐོན་ལས་དར་རྒྱས་ཆེ་བའི་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས།
    ཁྲིན་ཅན་ཨན་གྱིས་བསྟན་དོན། མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་ལ་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས། གྲུབ་འབྲས་མངོན་གསལ་བླངས་པ་དང་། ཐེངས་འདིའི་དངོས་མང་འགྲེམ་ཚོགས་དང་སྒོར་ཅོག་གྲོས་ཚོགས་ཀྱིས་ངེས་པར་དུ་མཚོ་སྔོན་དང་རྒྱལ་ཁབ་སོ་སོའི་བར་གྱི་སྐྱེ་ཁམས་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་གོ་སྐབས་གལ་ཆེན་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
    ཝུའུ་ཀྲིན་ཕིང་གིས་ཤིས་ཚིག་ནང་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་བསྡུས་པ་དེས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱས་པ་དང་། ཕྱོགས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་སྟེགས་བུ་གསར་བ་འདོན་སྤྲོད་བྱས་ལ། ཚོང་དོན་པུའུ་ཕྱི་ཚོང་འཕེལ་རྒྱས་ཅུས་ཀྱིས་མུ་མཐུད་དུ་དགེ་མཚན་ཐོན་ཁུངས་མཉམ་བསྲེས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་མང་བོ་འཇོག་དགོས།
    ཚོགས་ཐོག་ཏུ། རྒྱལ་ཁབ་སྐོར་ཞིག་གི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་ཀྲུང་གོར་སྡོད་པའི་རྩ་འཛུགས་ལས་ཁུངས་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད། ཚོགས་ཐོག་ནས་ད་དུང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གཉིས་བཀོད།།  (མཚོ་སྔོན་གསར་འགྱུར་དྲ་བ་ལས།)