ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ ངོ 75 འགོར་བར་རྗེས་དྲན་བྱེད་པར་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་པེ་ཅིན་ནས་བསྡུས་པ། ཞི་ཅིན་ཕིང་གིས 2020 ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་ འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ་བ། རྒྱུད་གཅིག་ལམ་གཅིག་སྐྱེ་ཁམས་ཐོན་ལས་མཉམ་ལས་དང་འཕེལ་རྒྱས་སྒོར་ཅོག་གྲོས་ཚོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་ནས་ཚོགས་པ། རང་རྒྱལ་གྱི་ཏོག་ནད་རིམས་འགོག་སྨན་ཁབ་དངོས་སུ་འགྲེམས་སྟོན་བྱས་པས་ཀུན་གྱི་ཡིད་དབང་འཕྲོག་པ།
本版导航 各版导航 视觉导航 标题导航 以往报纸

རང་རྒྱལ་གྱི་ཏོག་ནད་རིམས་འགོག་སྨན་ཁབ་དངོས་སུ་འགྲེམས་སྟོན་བྱས་པས་ཀུན་གྱི་ཡིད་དབང་འཕྲོག་པ།

藏文报 新闻    时间:2020年09月09日    来源:藏文报



    ཟླ 9བའི་ཚེས 5ཉིན་ནས་ཚེས 9ཉིན་བར། 2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུ་པེ་ཅིན་དུ་ཚོགས་བཞིན་ཡོད་ལ། རྒྱལ་ཁབ་སྨན་ཚོགས་དང་ཀྲུང་གོའི་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་དང་ལེན་བྱེད་བཞིན་པའི་ཏོག་ནད་རིམས་འགོག་སྨན་ཁབ་གསར་བ་གཉིས་གདན་ཞུས་ལྟར་སྤྱི་བའི་འཕྲོད་བསྟེན་རིམས་འགོག་ཆེད་དོན་འགྲེམས་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་པས། ཀུན་གྱིས་དོ་སྣང་ཆེན་པོ་བྱུང་།
    ཤེས་རྟོགས་བྱུང་བར་ལྟར་ན། འགྲེམས་སྟོན་ནང་ཞུགས་པའི་འགོག་སྨན་གཉིས་མིག་སྔར་དུས་ཐེངས IIIཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། པ་ལིན། ཕེ་རུ། མོ་རོ་ཁོ། ཨ་ཀེན་ཐིན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཚ་ཚ་འུར་འུར་གྱིས་ཚོད་ལྟ་བྱེད་བཞིན་ཡོད། མི་ཁྲི 5ལྷག་ལ་ཚོད་ལྟ་བྱས་ཤིང་མ་དཔེའི་མི་ཚོགས་རྒྱལ་ཁབ 115ལ་ཁྱབ་ཡོད་པ་དང་། ཕྱོགས་སོ་སོའི་འཕེལ་རིམ་ཚང་མ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད། 
    དེ་དང་དུས་མཚུངས་སུ། ཀྲུང་གོའི་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་པེ་ཅིན་དང་ཝུའུ་ཧན་གྱི་སྐྱེ་དངོས་བཟོས་རྫས་ཞིབ་འཇུག་སུའོ་དང་མཉམ་དུ་སོ་སོར་རིམ་པ་མཐོ་བའི་སྐྱེ་དངོས་བདེ་འཇགས་ཐོན་སྐྱེད་འཁོར་ཁང་བཙུགས་ཡོད་ལ། རིམས་འགོག་སྨན་ཁབ་ཐོན་སྐྱེད་འཁོར་ཁང་གཉིས་ཀྱི་ལོའི་ཐོན་ནུས་བསྡོམས་འབོར་དུང་ཕྱུར 3ཟིན་ཡོད།།
(ཀྲུང་དབྱང་རླུང་འཕྲིན་་་བརྙན་འཕྲིན་་སྤྱི་ཁྱབ་ལས་་་ཁུངས།)