本版导航 各版导航 视觉导航 标题导航 以往报纸

ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ལན་ཀྲོའུ་རུ་ཚོགས་པ།

ཀན་ལྷོ་ཁུལ་གྱི་འཐུས་མི་ཚོགས་པའི་འཐུས་མི 22གྲོས་ཚོགས་སུ་ཞུགས།

藏文报 新闻    时间:2022年01月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 17ཉིན་ལ། ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ལན་ཀྲོའུ་རུ་གཟབ་རྒྱས་ངང་ཚོགས།
    ཐེངས་འདིའི་ཚོགས་ཆེན་སུ་ཞུགས་འོས་པའི་འཐུས་མི 497ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི 444ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། ཐེངས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབྱིན་ཧུང་དང་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། མ་ཆིན་ལིན། མ་ཐིང་ལི། ཧུའུ་ཀྲུའོ། ཁྲིན་ཁོ་ཀུང་། ཝུའུ་མིང་མིང་། ཡུས་ཁྲིན་ཧུའེ། ལི་ཏེ་ཞིན་བཅས་ཀྱིས་གཙོ་འགན་ཁུར།
    སྔ་དྲོའི་ཆུ་ཚོད 9ཡི་སྟེང་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་དབྱིན་ཧུང་གིས་ཀན་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཧྲིན་ཀྲང་རེན་ཀྲེན་ཧོ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལསྲིད་གཞུང་གི་བྱ་བའི་སྙན་ཞུཕུལ།
    རང་ཁུལ་གྱི་འཐུས་མི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི 22དང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཐུས་མི་དང་མཉམ་དུ་ཚོགས་ཆེན་ལ་ཞུགས་ནསསྲིད་གཞུང་གི་བྱ་བའི་སྙན་ཞུརནན་ཏན་སྒོས་ཉན་པ་དང་འབྲེལ། སྙན་ཞུའི་ངོ་མཚར་བའི་ནང་དོན་ལ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས། སྙན་ཞུའི་ནང་དོན་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། 2021ལོའི་བྱ་བར་ཕྱི་མིག་ལྟ་བ་དང 2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན། 2022ལོའི་བྱ་བའི་ལས་འགན་བཅས་ཡིན། སྙན་ཞུའི་ནང་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་སྐོར་བཀོད་ཡོད་པ་དང་། གཙོས་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ། ཀན་ལྷོའི་མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྨ་ཆུའི་བརླན་ས་སྲུང་སྐྱོང་ཉམས་གསོ་དང་མཛོད་དགེ་སྟོད་མ་དང་དབལ་བན་ཚང་རྒྱལ་ཁབ་རྩྭ་ཐང་། རང་བྱུང་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟ་སོགས་ཕྱོགས་མང་བོའི་ནང་དོན་ལག་ལེན་བསྟར་དགོས་ཞེས་བཏོན་ཡོད།
    རང་ཁུལ་གྱི་འཐུས་མིས་ཀན་ལྷོའི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྙིང་སྟོབས་ཆེན་པོ་དང་། འགན་འཁྲི་ཁུར་སེམས་ཆེན་པོར་བརྟེན་ནས་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཞུ་བ་མ་ཟད། རང་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་དང་རང་ངོས་ཀྱི་བྱ་བ་ཟུང་འབྲེལ་བྱས་ཏེ་ཚོགས་ཆེན་ཐོག་བསམ་འཆར་དང་གྲོས་གཞི་བཏོན་ནས། གཞི་རིམ་མང་ཚོགས་ཀྱི་བསམ་འདུན་གང་ལེགས་མཚོན་པར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་ཆེད་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།།