本版导航 各版导航 视觉导航 标题导航 以往报纸

ཡུས་ཁྲིན་ཧུའེ་ཀན་ལྷོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་པ།

藏文报 新闻    时间:2022年01月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 1པའི་ཚེས 17ཉིན་ལ། ཞིང་ཆེན་དམངས་ཆེན་གྱི་འཐུས་མིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཀན་ལྷོའི་འཐུས་མི་ཚོགས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་གྲོས་ཞིབ་བྱེད་པའི་ཁྲོད་ཞུགས་པ་དང་། ཁོས“ལྗང་མདོག་དེང་རབས་ཅན”གྱི་ནང་དོན་གཙོ་བོ་བརྟན་པོ་བཙུགས་ནས“གནོད་མེད་ལྔའི་ཀན་ལྷོར”རྩ་བ་ཚུགས་པ་དང“བཅུ་ཡོད་གཞིས་ཁྱིམ”ལ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་བྱ་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྒྲོམ་གཞི་གསར་བ་དང་རྩོམ་སྲོལ་བབ་ཆགས་པ། བསམ་བློའི་ཁྲིད་སྟོན་དང་གསར་གཏོད་འདེགས་སྐྱོར། མི་གཙོ་བོར་འཛིན་པ། སྐྱེ་ཁམས་སྔོན་ལ་འཇོག་པ་སོགས་ཀྱི་ཐོག་ནས་མདུན་སྐྱོད་བྱེད་ཀྱིན་ཡོད་ཅིང་། གཤམ་གྱི་ཁྱད་ཆོས་འགའ་མངོན་ཡོད་པ་སྟེ། གཅིག་ཏུ“ལོ་བདུན་ཅན་གཅིག”རིང་འདས་ཟིན་པའི་ལོ་གཅིག་རིང་གི་བྱ་བར་གཅིག་འདོམས་བཟང་བོ་བྱས་ཡོད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དག་ཕྱོགས་ཡོངས་ནས་བཏོད་དེ“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ”འགོ་གསར་བ་ཞིག་བཙུགས་ཡོད། གཉིས་སུ GDPསྒོར་དུང་ཕྱུར་ཁྲིའི་སྤྲོ་འཛོམས་ཁང་དང་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར་སྟོང་གི་སྤྲོ་འཛོམས་ཁང་དུ་གཏོང་བའི་གྲུབ་འབྲས་ཀྱི་མཆོང་སྐྱོད་དལ་མོད། འོན་ཀྱང་སྔར་བཞིན་མི་རྣམས་ལ་ཚོར་སྣང་སྣ་ཚོགས་དང་ཡིད་འགུལ་ཚད་མེད་ཐེབས། གསུམ་དུ“དཀའ་བྲེལ་སེམས་ཁྲལ་དང་རེ་སྒུག”གི་གནད་དོན་ལ་གཟབ་ནན་བྱེད་ཕོད་པས། སྲིད་གཞུང་གི་སྐབས་གསར་བའི་འགན་འཁྲི་ཁུར་སེམས་དང་སྙིང་སྟོབས་ཆེར་སྐྱེད་གང་ལེགས་ཀྱིས་མཚོན་ཡོད། བཞི་རུ་ཐོན་ལས་མ་ལག་ལས་མངོན་པའི་མེ་ཏོག་མཉམ་བཞད་དང་ཕན་ཚུན་འགྲན་སློང་བྱས་ནས། དར་རྒྱས་མ་བྱུང་བའི་ས་ཁུལ་གྱི་བག་ལ་ཞ་བའི་ཐོན་ཁུངས་དག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ཁྲིད་སྟོན་འོག་ཕྱིར་མངོན་ཞིང་མི་རྣམས་ལ་ཚོར་སྣང་ཟབ་མོ་སྐྱེས་སུ་འཇུག་དགོས། ལྔ་རུ 2022ལོའི་དཔལ་འབྱོར་དམིགས་འབེན་དག་གི་སྔོན་དཔག་མཐོ་ཙམ་ནི་རང་སྣང་གང་ཤར་ཙམ་མ་ཡིན་པར། “བརྟན་པ”གཙོ་བོར་འཛིན་པ་དང་། “འཕེལ་བར”ཤུགས་སྣོན་པ། “འགན་ལེན”གྱིས་མཐའ་སྐྱོར་བ། “བསྒྲུབས་པས”ཕན་འབྲས་ཐོན་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་དམ་འཛིན་དང་དངོས་སྒྲུབ་བྱ་ཐབས་ཤིག་ཡིན། དྲུག་ཏུ“ཕྱོགས་བརྒྱད”ཀྱི་གཙོ་གནད་བྱ་བར་དམ་འཛིན་བྱེད་པའི་ཁྲོད་བཀོད་སྒྲིག་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཁྲོད་བཀོད་སྒྲིག་དང་སྐྱེད་སྲིང་བྱེད་པ། གསར་གཏོད་ཁྲོད་འཛུགས་སྐྲུན་བྱེད་པ། སྒོ་འབྱེད་ཀྱི་ཁྲོད་སྐུལ་སློང་བྱེད་པ། སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་བའི་ཁྲོད་ནུས་པ་འདོན་པ། དམངས་འཚོའི་བདེ་སྐྱིད་ཇེ་ཆེར་གཏོང་བའི་ཁྲོད་དོན་འཁྱོལ་བྱ་དགོས། བདུན་དུ་སྙན་ཞུའི་ནང་ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བའི་ནང་དོན་ཐེངས་མང་བཏོན་པ་དེའི་ཐོག་ནས། སྐྱེ་ཁམས་བཟང་བའི་ཞིང་ཆེན་ཆེ་གྲས་ཤིག་ཡིན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་དོན་འཁྱོལ་ཐད་ཀྱི་གདེང་ཚོད་མཚོན་ཡོད་ཅེས་བཤད།།