本版导航 各版导航 视觉导航 标题导航 以往报纸

འབྲུག་ཆུ་རྫོང་གིས་ཆེས་མཛེས་པའི་ཆུའི་སྐྱེ་ཁམས་ཁོར་ ཡུག་གསར་སྐྲུན་ལ་ཤུགས་བསྣན་པ།

藏文报 新闻    时间:2022年01月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་བའི་ལོ་ཤས་རིང་། འབྲུག་ཆུ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་དེ་གསོན་ཉམས་དོད་པའི་སྒོ་ནས་ལག་ལེན་བྱས་ནས། ནུས་ཤུགས་ཡོད་རྒུས་རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་གྱི་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཤིང་། “ཆུ་དྭངས་མོ། གཙང་བོ་ཤར་བགྲོད། ཆུ་ངོགས་ལྗང་མདོག ཡུལ་ལྗོངས་མཛེས་པ”བཅས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གསར་སྐྲུན་བྱས།
    ཕྱོགས་ཡོངས་ནས་འགན་དངོས་སུ་ཁུར་བར་དམ་འཛིན་བྱས་པ། རྫོང་ཡོངས་སུ་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་དཔོན 280དང་ཉེན་རྟོག་དཔོན་པོ 11བཞག་པ་དང་། རྫོང་ཡོངས་ཀྱི“གཙང་བོ་གཅིག་དང་ཆུ་བོ་གཉིས”ད་དུང་རྨིན་ཅང་གཙང་བོ་འབྲུག་ཆུའི་རྒྱུད་ཀྱི་ཤང་དང་གྲོང་རྡལ 19ཡི་གོང་འོག་གཡས་གཡོན་ཚང་མར་ཁྱབ་པ་དང་། རྫོང་དང་། ཤང་། སྡེ་བ་བཅས་རིམ་པའི་ཆུ་དཔོན་ཕྱོགས་ཡོངས་སུ་ཁྱབ་ནས“སྤྱིའི་ཆུ་དཔོན་དང་། ཆུ་དཔོན། ཆུ་རྒྱུད་དཔོན་པོ”+“ཉེན་རྟོག་དཔོན་པོ”བཅས་བཞི་བོས་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་ཡོད།
    རྒྱུན་རྣམ་ཅན་ལ་སྐོར་ཞིབ་བྱས་ནས་གནད་དོན་སྒྲིག་བཅོས་ལ་ཤུགས་བསྣན་པ། རྫོང་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དེ“མིང་ཙམ་ཅན”ནས“དོན་དངོས་ཅན”དུ་བསྒྱུར་བར་ནུས་ལྡན་སྒོས་སྐུལ་འདེད་ཏན་ཏིག་བྱས། མིག་སྔའི་བར། རྫོང་ཡོངས་ཀྱི་ཆུ་དཔོན 280ཡིས་ཁྱོན་ཆུ་བོར་སྐོར་ཞིབ་ཐེངས 4512བྱས་པ་དང་། འབྲུག་ཆུ་རྫོང་གིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་སྤེལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཕྱོགས་ཡོངས་དུས་བཅད་ནང་བསྒྲུབ་རྒྱུ་སྤྲད་པའི་རྩིས་ཐོའགྲེམ་གཏོང་བྱས་པ་དང་། དུས་བཅད་ནང་གནད་དོན 23སྒྲིག་བཅོས་བྱས། རིམ་རྩིས་བྱས་ན་ཆུ་ལམ་གྱི་གད་སྙིགས་ཏུན 1100གཙང་སེལ་བྱས་པ་དང་། ཨར་ལས་ཀྱི་ཆུ་རགས་སྨི་གྲུ་བཞི་མ་ཁྲི 3.5གཙང་སེལ་བྱས། ད་དུང་ཆུ་ལམ་དུ་སྒྲིག་འགལ་ངང་བཙུགས་པའི་ལྗོན་ཤིང་གནས 3དང་གང་འདོད་དུ་སྤུངས་པ་དང་བཞག་པའི་གནས 6 གང་བྱུང་དུ་བསྐྲུན་པའི་གནས 5 ཁོད་སྙོམས་པའི་ཆུ་རྐ 7བཅས་སྒྲིག་བཅོས་བྱས། ཕྱོགས་ཡོངས་ནས་ཆུ་ལམ་ནང་ནས་བྱེ་མ་ལེན་པའི་ཆེད་དམིགས་སྒྲིག་བཅོས་དང་བྱེ་མ་ལེན་པའི་དོ་དམ་ཚད་ལྡན་ཅན་དུ་བཏང་ནས་ཁྲིམས་འགལ་ངང་ཆུ་ལམ་ནང་ནས་བྱེ་མ་ལེན་པར་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས།
    ཞིབ་ཚགས་དོ་དམ་དང་ཆུ་དྭངས་མོ་ཤར་རྒྱུག་ཡོང་བ་འགན་ལེན་བྱེད་པ། གཞི་ཁྱོན་ཡན་ཆད་ཀྱི་ཆུ་བོ 3དང་གཞི་ཁྱོན་མན་ཆད་ཀྱི་ཆུ་བོ 17ཆུ་མཚམས་དབྱེ་འབྱེད་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས་ཆུ་བོ་ཚང་མ་དབྱེ་འབྱེད་བྱེད་པ་ལེགས་གྲུབ་བྱུང་། འབྲུག་ཆུ་རྫོང་གི་ཆུ་བོ་དང་མཚེའུ་རྒྱུད་ཀྱི་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོདབསྒྲིགས། ཆུ་བོ་དང་མཚེའུ“གཙང་སེལ་བཞི”ཆེད་དམིགས་བྱ་སྤྱོད་དང“དཔྱིད་སྨྱུག 2021”ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་མཁྲེགས་གཏོར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་། རིམ་རྩིས་བརྒྱབ་ན་ཆུ་ལམ་གྱི་གད་སྙིགས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི 65གཙང་སེལ་བྱས་པ་དང་། ཆུ་མཛོད་ཁུལ་གྱི་འཕྱོ་གཡེང་དངོས་པོ་ཏུན 32གཙང་སེལ། ཆུ་ལམ་སྤྱི་ལེ 402ཤར་བགྲོད། འདམ་རྡོ་སོགས་སྤུངས་བསགས་དངོས་པོ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི 130.5གཙང་སེལ་བྱས་ཏེ། བསྡོམས་པས་གནད་དོན 18སྒྲིག་བཅོས་དང་ཆུ་འབྲེལ་ཁྲིམས་འགལ་བྱ་སྤྱོད་ཁག 3ལ་རྡུང་རྡེག་བཏང་བས་རྫོང་ཡོངས་ཀྱི་ཆུ་ལམ་གྱི་ཆུ་ལོག་རྒྱུག་ནུས་དང་ཆུའི་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད།།